ཚེ་རིང་རྒྱ་མཚོས་བསྒྱུར། སེམས་ཀྱི་ཉི་ཟླའི་དྲ་བ། 2012-01-02
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས26ཉིན། ཉིན103རིང་གི་འཛུགས་སྐྲུན་བྱས་པར2014ལོའི་ཡུན་ནན་ཞིང་ཆེན་ཡོངས་ཀྱི་མི་རིགས་ལུས་རྩལ་ར་བའི་ལུས་པོ་བདེ་ཐང་བྱེད་ས་གཙོ་བོ་ཡིན་པའི་རྣམ་གྲངས་ཏེ། སེམས་ཀྱི་ཉི་ཟླ་རྫོང་མི་རིགས་ལུས་རྩལ་ལྟེ་གནས་ཕྱོགས་བསྡུས་ལུས་རྩལ་ཁང་གི་གཙོ་གནད་བཟོ་འགོད་ལེགས་འགྲུབ་བྱུང་། སྔོན་དཔག་ལྟར་ན། སང་ལོའི་ཟླ6པའི་སྔོན་ལ་ཕྱོགས་ཡོངས་ནས་ལེགས་འགྲུབ་འབྱུང་ངེས།
2014ལོའི་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་བའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་སྤེལ་ཆེད། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་། ཁུལ་མི་དམངས་སྲིད་གཞུང་གིས་མཐོང་ཆེན་བྱེད་བཞིན་ཡོད་ལ། དུས་ཐོག་ཏུ་འགོ་ཁྲིད་དང་བྱ་བའི་སྡེ་ཁག་རྩ་འཛུགས་བྱས་ཏེ། མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བ་ཡོད་ཚད་གྲོས་གཞི་གཙོ་བོ་ནང་བཀོད་པ་དང་། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བདེ་འཇགས་ཀྱི་དོན་ཆེན་ལ་ངོས་འཛིན་པ་སོགས་གྲ་སྒྲིག་བྱ་བ་ཡོད་ཚད་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བཞིན་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10