སེམས་ཀྱི་ཉི་ཟླ་རྫོང་གི་མ་ཎི་འཁོར་ལོ་ཆེན་མོ།

ཚེ་རིང་རྒྱ་མཚོས་བསྒྱུར།    སེམས་ཀྱི་ཉི་ཟླའི་དྲ་བ།    2012-02-06

སེམས་ཀྱི་ཉི་ཟླ་རྫོང་གི་མ་ཎི་འཁོར་ལོ་ཆེན་མོ།
ནང་ལོགས་ས་ཁུལ་ནས་ཐོན་པའི་གནས་སྐོར་བས་མ་ཎི་འཁོར་ལོ་སྐོར་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་ངོས་ལས་སྨི3300ཡོད་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དུ་མ་ཎི་འཁོར་ལོ་ཆེན་པོ་ཞིག་ཡོད་པ་དང་། མཐོ་ཚད་ལ་སྨི21དང་།  ལྗིད་ཚད་ལ་ཏུན60ལྷག་ཡོད་པས།  མི་གསུམ་ནས་བཞི་ཡིས་མ་གཏོགས་སྐོར་མི་ནུས།  ས་གནས་གནས་སྐོར་སྡེ་ཁག་གིས་མཚམས་སྦྱོར་བྱས་པ་ལྟར་ན།  མ་ཎི་འཁོར་ལོ་འདི་ནི་གསེར་ཆུ་ཞིག་པའི་ཟངས་བཙོ་མའི་བཞེངས་པ་ཡིན་ལ།  མ་ཎི་འཁོར་ལོ་ནང་དུ་སྔགས་དང་མ་ཎི་ཡིག་དྲུག་ཁྲི124དང་།  རིན་པོ་ཆེ་སྣ་ཚོགས་ཏུན16བཞག་ཡོད་པས།  ས་གནས་སོ་སོའི་གནས་སྐོར་བའི་ཡིད་དབང་འཕྲོག་པ་རེད།  །  
 

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་གི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་སྡེ་ནི་གནས་སྐོར་བའི་ཡིད་དབང་འགུག་སའི་གནས་མཆོ
  • ལེ་ཚན་རྗེས་མ།:ལོ་སར་སྐབས་སུ་བདེ་ཆེན་ཁུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི17.74སྣེ་ལེན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།