བདེ་ཆེན་རྫོང་སྤང་རྩི་རོང་གྲོང་རྡལ་གྱི་རྒུན་འབྲུམ་ལ་ལོ་ལེགས་ཐོབ་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    སེམས་ཀྱི་ཉི་ཟླའི་དྲ་བ།    2011-08-17

 ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་སྤང་རྩི་རོང་གྲོང་རྡལ་གྱི་རྒུན་འབྲུམ་ལ་ལོ་ལེགས་ཐོབ།  སྤང་རྩི་རོང་གྲོང་རྡལ་ནི་འབྲི་ཆུའི་ཚ་བའི་ལུང་གཞོང་ས་ཁུལ་དུ་ཆགས་ཡོད་པས།  རྒུན་འབྲུམ་འདེབས་འཛུགས་བྱེད་པར་མཐུན་རྐྱེན་ལེགས་པོ་བསྐྲུན།  གྲོང་རྡལ་འདིས་ཧུར་ཐག་སྒོས་ཐོན་ལས་སྒྲིག་གཞི་ལེགས་བཅོས་བྱས་པ་དང་རྒུན་འབྲུམ་འདེབས་འཛུགས་བྱེད་པ་ཁྱབ་གདལ་དུ་བཏང་བས།  སྤང་རྩི་རོང་སྡེ་བ་གཅིག་པུའུ་ལས་རྒུན་འབྲུམ་མུའུ522.16འདེབས་འཛུགས་བྱས་ཤིང་།  ལོ་རེར་ཆ་སྙོམས་སུ་མུའུ་རེར་རྒུན་འབྲུམ་ཏུན1.5ཐོན་སྐྱེད་བྱེད་ནུས་པ་དང་མུའུ་རེའི་ཡོང་སྒོ་སྒོར4500ཡན་ལ་བསླེབས། །            
  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱས་ཏེ་དམངས་ལ་ཕན་བདེ་སྐྲུན།
  • ལེ་ཚན་རྗེས་མ།:ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱུགས་ལས་བདེ་ཐང་ངང་འཕེལ་རྒྱས་སུ་སོང་སྟེ་རོང་འབྲོག་མ
  • དོ་སྣང་ཆེ་བའི་རྩོམ།