བདེ་ཆེན་ཁུལ་གྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱས་ཏེ་དམངས་ལ་ཕན་བདེ་སྐྲུན།

ཚེ་རིང་རྒྱ་མཚོས་བསྒྱུར།    སེམས་ཀྱི་ཉི་ཟླའི་དྲ་བ།    2011-08-09

ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཐེངས་དྲུག་པའི་ཏང་གི་འཐུས་མི་ཚོགས་ཆེན་བསྡུས་པ་ནས་བཟུང་།  མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་པར་ཐོལ་བརྒལ་བྱུང་།  ལོ3གི་ནང་བདེ་ཆེན་ཁུལ་གྱིས་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་གླ་རིན་དམའ་བའི་སྡོད་ཁང་སྨིས་གྲུ་བཞི་མ་ཁྲི12.4འཛུགས་སྐྲུན་བྱེད་དགོས་པའི་ལས་འགན་ལེགས་འགྲུབ་བྱུང་བ་མ་ཟད།  ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1.05བརྩོན་ལེན་བྱས།  དམངས་སེམས་བཟོ་འགོད་ལེགས་འགྲུབ་བྱུང་བ་འདིས་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས“ཐབས་རྒྱ་ཇུས་སྟོང་གིས་འགན་སྲུང་ལམ་ལུགས་སྤེལ་ནས།  མང་ཚོགསས་རྣམས་སྡོད་ཁང་གསར་བ་ནང་སྤེལ་ཐུབ་པའི”དམིགས་འབེན་ལེགས་འགྲུབ་བྱུང་། 
བདེ་ཆེན་ཁུལ་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད།  ཆ་རྐྱེན་དང་མཐུན་ཞིང་སྡོད་ཁང་གླ་རིན་ཁ་གསབ་རོགས་སྐྱོར་རེ་འདོད་ཞུ་མཁན་གྱི་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་ལ་ཁང་པ་གླ་བ་དང་། ཁང་གླའི་ཁ་གསབ་རོགས་དངུལ་འགྲེམ་གཏོང་བྱེད་པ་སོགས་བྱེད་ཐབས་སྤྱད་དེ་སྡོད་ཁང་གི་གནད་དོན་ཐག་བཅད་པ་རེད།  “ལོ་ལྔའི་ཚན་བཅུ་གཅིག་པའི”སྐབས་སུ་བདེ་ཆེན་ཁུལ་ཡོངས་སུ་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང4502ལ་ཁང་གླའི་ཁ་གསབ་རོགས་དངུལ་སྒོར་ཁྲི3577འགྲེམ་གཏོང་བྱས་ཐོག  ཞིང་སྡེའི་སྡོད་ཁང་གི་ས་འགུལ་བདེ་འཇགས་བཟོ་འགོད་ལེགས་པོ་བཟུང་ཞིང་།  སྔ་་གཞུག་ཏུ་ཁུལ་ཡོངས་ཀྱི་ཞིང་བ་ཁྱིམ་ཚང13750ལ་ཞིང་སྡེའི་སྡོད་ཁང་གི་ས་འགུལ་བདེ་འཇགས་བཟོ་འགོད་ལག་བསྟར་བྱས།  དེའི་ནང་ཞིང་བ་ཁྱིམ་ཚང10250ཡི་ཁང་པ་ཇེ་གཏན་དུ་བཏང་ཞིང་།  ཞིང་བ་ཁྱིམ་ཚང3500ཡི་ཁང་པ་སླར་གསོ་བྱས།  ཞིང་ཆེན་རིམ་པའི་ཁ་གསབ་རོགས་དངུལ་སྒོར་ཁྲི4550བརྩོན་ལེན་བྱས་པ་དང་།  ཞིང་བ་ཁྱིམ་ཚང4790ཡི་ཉེན་ཁ་ཅན་གྱི་ཁང་རྙིང་ལེགས་བཅོས་བྱས།  ད་རུང་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་ཁྲི4790བརྩོན་ལེན་བྱས། 
བདེ་ཆེན་ཁུལ་གྱི་མཁར་གྲོང་གི་སྡོད་ཁང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་མོས་སྤེལ་བ་དང་བསྟུན།  སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་བྱ་བ་ཀྱང་ཁྲིམས་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཕྱོགས་སུ་འགྲོ་བཞིན་ཡོད།  2010ལོའི་ལོ་མཇུག་བར་བདེ་ཆེན་ཁུལ་ཡོངས་སུ་སྡོད་ཁང་གི་ཁ་གསབ་རོགས་དངུལ་སྒོར་ཁྲི4021འགྲེམ་གཏོང་བྱས།  ། 
  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱི་སྡེ་ཁག་སོ་སོས་སློབ་གསོ་ཕྱོགས་བསྡུས་བཅོས་བསྒྱུར་བྱ་བར་རོགས་འདེགས་བྱས་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་རྫོང་སྤང་རྩི་རོང་གྲོང་རྡལ་གྱི་རྒུན་འབྲུམ་ལ་ལོ་ལེགས་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།