འཇོལ་རྫོང་གིས“ལོ་ལྔ་ཚན་བཅུ་གསུམ”གྱི་འཆར་གཞི་འགོད་པ།
པད་མ་མཚོ། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། 2014-09-05
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཚེས20ཉིན།འཇོལ་རྫོང་གིས“ལོ་ལྔ་ཚན་བཅུ་གསུམ”གྱི་འཆར་གཞི་འགོད་པའི་བཟོ་འགོད་ཚོགས་འདུ་འཚོགས་པ་དང་།རྫོང་འདིའི“ལོ་ལྔ་ཚན་བཅུ་གསུམ”གྱི་འཆར་གཞི་འགོད་པའི་ལས་ཀ་སྒྲུབ་འགོ་བརྩམས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན།རྫོང་འདི་ཡིས་བཟོ་འགོད་བྱས་པའི“ལོ་ལྔ་ཚན་བཅུ་གསུམ”གྱི་འཆར་གཞི་ནི་གཏིང་ཟབ་ཀྱི་སྒོ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུ་དང་།མགྱོགས་མྱུར་གྱིས་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་འཛུགས་པ།མགྱོགས་མྱུར་གིས་འཇོལ་རྫོང་གི་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་བླང་བྱར་དམ་པོར་དམིགས་ནས།དོན་དངོས་སུ་དཔལ་འབྱོར་གྱི་འགན་སྲུང་ནུས་པ་མཐོར་འདེགས་བྱེད་རྒྱུ་རེད།འཆར་གཞིའི་བཟོ་འགོད་དེ་སྤྱི་ཡོངས་སུ་དུས་རིམ་བཞི་རུ་བཀར་ཡོད་དེ།དུས་རིམ་དང་པོ་ནི་དུས་མགོ་ཞིབ་འཇུག་དང་གཞི་རྩའི་ཐབས་ལམ་དུ་གྲུབ་རྒྱུ་དང་།(2014ལོའི་ཟླ10པའི་ཟླ་མཇུག་བར)འཇོལ་རྫོང་“ལོ་ལྔ་ཚན་བཅུ་གསུམ”གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་ཐབས་ལམ་ལེགས་འགྲུབ་བྱེད་དགོས།དུས་རིམ་གཉིས་པ་ནི(2015ལོའི་ཟླ4པ་ནས་2016ལོའི་ཟླ3པའི་བར)འཆར་གཞི་དག་བཅོས་དང་ཞིབ་དཔྱད་བྱས་རྗེས་ལག་བསྟར་བྱེད་རྒྱུ།དུས་རིམ་གསུམ་པ་ནི2016ལོའི་ཟླ3པའི་སྔོན《འཇོལ་རྫོང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་གཞིའི་མདོ་དོན》(འཆར་ཟིན)གྱི་དག་བཅོས་ལས་ཀ་ལེགས་འགྲུབ་བྱེད་རྒྱུ།དུས་རིམ་བཞི་བ་ནི(2016ལོའི་ལོ་སྟོད་ནས་ཟླ4པའི་ཟླ་མཇུག་བར)《འཆར་གཞིའི་མདོ་དོན》ཞིབ་མཆན་འགོད་པ་དང་འགྲེམ་སྤེལ་བྱེད་རྒྱུ་དང་།འཆར་གཞིའི་གོང་ཞུ་མཆན་འགོད་དང་མཇུག་འབྲས་འགྲེམ་སྤེལ་སོགས་བྱེད་རྒྱུ།