སེམས་ཀྱི་ཉི་ཟླ་ནས་ཁྲང་ཧྲ་བར་གྱི་མཁའ་ལམ་ཐོག་མ་འཕུར་སྐྱོད་ལེགས་འགྲུབ་བྱུང་།

པད་མ་མཚོ།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2014-09-05

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཚེས3ཉིན་གྱི་སྔ་དྲོའི་དུས་ཚོད་8དང་སྐར་མ་55ཐོགསེམས་ཀྱི་ཉི་ཟླ་ནས་ཁྲང་ཧྲ་བར་གྱི་ཤར་ཕྱོགས་མཁའ་འགྲུལ་MU9743གནམ་གྲུའི་ལན་གྲངས་དུས་ལྟར་འཕུར་སྐྱོད་བྱས་པ་དང་།ཉིན་འདིའི་སྔ་དྲོའི་དུས་ཚོད་11དང་སྐར་མ་25ཐོག་ཁྲང་ཧྲ་ཧོང་ཧྭ་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་གནམ་གྲུ་མར་བབས་པ་རེད།སེམས་ཀྱི་ཉི་ཟླ་ནས་ཁྲང་ཧྲ་བར་གྱི་མཁའ་ལམ་བདེ་བླག་ངང་འབྱེད་པ་མ་ཟད་ཐོག་མའི་འཕུར་སྐྱོད་ལེགས་འགྲུབ་བྱུང་བ་རེད།འདི་ནི་རང་ཁུལ་གྱིས་འབོར་ཐེངས་12པའི་རྒྱལ་ནང་གྲོང་ཁྱེར་དུ་འབྱེད་པའི་མཁའ་ལམ་ཡིན།མཁའ་ལམ་འདི་འབྱེད་པ་དང་བསྟུན་ནས་སེམས་ཀྱི་ཉི་ཟླ་དང་ཁྲང་ཧྲ་བར་གྱི་དཔལ་འབྱོར་རིག་གནས་བརྗེ་རེས་དང་རང་ཁུལ་གྱི་ཡུལ་སྐོར་ལས་རིགས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་རེད།
སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གི་འགན་འཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན།ཁྲང་ཧྲ་ནི་རང་རྒྱལ་གྱི་ལྷོ་དབུས་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་གཙོ་བོ་ཡིན་པ་དང་།ཧོང་ཧྭ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་རྒྱལ་སྤྱི་དང་རྒྱལ་ནང་གི་ཡུལ་སྐོར་བ་བསྡུ་འགྲེམ་གྱི་ནུས་པ་ཆེན་པོ་ལྡན་པ་རེད།2013ལོར།ཧོང་ཧྭ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བའི་ཡུལ་སྐོར་བ་མི་ཐེངས་ཁྲི1600ལས་བརྒལ་ཡོད་པ་རེད།གཞི་གྲངས་བསྡོམས་རྩིས་ལྟར་ན།ཉེ་བའི་ལོ་འགའི་རིང་།ལྷོ་དབུས་ས་ཁུལ་ནས་ཡོང་བའི་ཡུལ་སྐོར་བ་རང་ཁུལ་གྱི་ཡུལ་སྐོར་བའི་བསྡོམས་འབོར་ཁྲོད་ཟིན་ཚད་རིམ་བཞིན་ཇེ་མང་དུ་འགྲོ་བས་སེམས་ཀྱི་ཉི་ཟླ་ནས་ཁྲང་ཧྲ་བར་གྱི་མཁའ་ལམ་འབྱེད་པ་དེ་རང་ས་ཁུལ་གྱི་དཔལ་འབྱོར་དང་ཡུལ་སྐོར་ཐད་ལ་སྐུལ་འདེད་ཀྱི་ནུས་པ་འདོན་པས་གལ་ཆེའི་དོན་སྙིང་ལྡན་ཡོད་ཅེས་བཤད་བྱུང་།
 རྒྱུས་ལོན་བྱུང་བ་ལྟར་ན།ད་ལོའི་ཚུན་དུ།མཁའ་ལམ་འདི་འབྱེད་པར་སྐུལ་འདེད་བྱེད་ཆེད།རང་ཁུལ་གྱིས་དམངས་སྤྱོད་མཁའ་འགྲུལ་ལྷོ་དབུས་ས་ཁུལ་དོ་དམ་ཅུས་དང་།ཧོང་ཧྭ་རྒྱལ་སྤྱིའི་གནམ་གྲུ་ཐང་།ཤར་ཕྱོགས་མཁའ་འགྲུལ་ཀུང་སི་བཅས་སུ་ཐེངས་མང་པོར་མཐུན་སྦྱོར་བྱས་པ་དང་།ཁུལ་སྲིད་གཞུང་གིས་ཤར་ཕྱོགས་མཁའ་འགྲུལ་ཀུས་སི་ལ་འཁོར་སྐྱོར་ཚོང་གཉེར་གྱི་ཁ་གསབ་མ་དངུལ་སྤྲོད་པའི་ཐབས་ལམ་སྤྱད་པ་བརྒྱུད།མཁའ་ལམ་བདག་གཉེར་གྱི་ཆོག་མཆན་ཐོབ་པ་དང་།སེམས་ཀྱི་ཉི་ཟླ་ནས་ཁྲང་ཧྲ་བར་གྱི་མཁའ་ལམ་འབྱེད་པ་རེད།མཁའ་ལམ་འདི་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་རླབས་སྒྲ737——700རྟགས་ཅན་གྱི་གནམ་གྲུ་འཕུར་སྐྱོད་བྱེད་པ་དང་།འཕུར་སྐྱོད་བྱེད་ཡུན་དུས་ཚོད་གཉིས་དང་ཕྱེད་ཀ་ཡིན་པ་རེད།ཟླ9པའི་ཚེས15ཉིན་ཡར་སྔོན་གྱི་གཟའ་ལྷག་པ་དང་གཟའ་པ་སངས།གཟའ་ཉི་མ་བཅས་ལ་ཉིན་རེར་གནམ་གྲུ་འཕུར་ཐེངས་གཅིག་བྱེད་པ་དང་།ཚེས15ཉིན་གྱི་རྗེས་སུ་ཉིན་རེར་གནམ་གྲུ་ཐེངས་རེ་འཕུར་སྐྱོད་བྱེད་པ་རེད།འགྲོ་ལམ་ཐེངས་གཅིག་ལ་སྒོར1990ཡིན་ལ།(འདིའི་ཁོངས་སུ་འབར་སྣུམ་ཟུར་བསྣན་གྲོན་དངུལ་དང་གནམ་གྲུ་ཐང་འཛུགས་སྐྲུན་གྲོན་དངུལ་མི་གཏོགས།)གཞན་ཚེས14ཉིན་གྱི་སྔོན་དུ་གནམ་གྲུའི་སྤ་སེ་བྲིན་སྐུལ་བྱེད་བཞིན་ཡོད་པས་སྒོར་400ཡིན།(འདིའི་ཁོངས་སུ་འབར་སྣུམ་ཟུར་བསྣན་གྲོན་དངུལ་དང་གནམ་གྲུ་ཐང་འཛུགས་སྐྲུན་གྲོན་དངུལ་མི་གཏོགས།)
       ཁུལ་སྲིད་གཞུང་ཁུལ་དཔོན་གཞོན་པ་ཀྲང་ཅི་ཆིང་མཁའ་ལམ་ཐོག་མའི་མཛད་སྒོར་ཞུགས་པ་མ་ཟད་རྟེན་འབྲེལ་ཞུས་པ་དང་།ཁུལ་ཡུལ་སྐོར་འཕེལ་རྒྱུས་ཨུ་ལྷན་དང་སེམས་ཀྱི་ཉི་ཟླ་རྫོང་གནམ་གྲུ་ཐང་།ཁུལ་ནང་ཁུལ་གྱི་ཡུལ་སྐོར་ཁེ་ལས་ཀྱི་འགན་འཁུར་མི་སྣ་འགའ་ཤས་ཡང་མཁའ་ལམ་ཐོག་མའི་མཛད་སྒོར་ཞུགས་པ་རེད།
  • ལེ་ཚན་སྔོན་མ།:འཇོལ་རྫོང་གིས“ལོ་ལྔ་ཚན་བཅུ་གསུམ”གྱི་འཆར་གཞི་འགོད་པ།
  • ལེ་ཚན་རྗེས་མ།:ལུའུ་ཏེན་ས་འགུལ་གནོད་སྐྱོན་ཐེབས་ཁུལ་གྱི་སློབ་གྲྭ་ཆུ་འབྲིང་དུས་ལྟར་སློབ་འགོ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།