ལུའུ་ཏེན་ས་འགུལ་གནོད་སྐྱོན་ཐེབས་ཁུལ་གྱི་སློབ་གྲྭ་ཆུ་འབྲིང་དུས་ལྟར་སློབ་འགོ་བཙུགས།

        2014-09-09

ཟླ་བ9པའི་ཚེས1ཉིན།ཡུན་ནན་ལུའུ་ཏེན་ལུང་ཐུའུ་ཧྲན་གྲོང་རྡལ་གྱི་ལུང་ཆོན་སློབ་འབྲིང་གི་དུས་ཐོག་སྤོ་བདེ་སློབ་གྲྭའི་སློབ་མས་སློབ་ཐུན་དང་པོ་དེ་ཚོགས་པ་རེད།མིག་སྔར།ཡུན་ནན་ལུའུ་ཏེན་ས་འགུལ་གནོད་སྐྱོན་ཐེབས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་སོ་སོས་དུས་ལྟར་སློབ་འགོ་བཙུགས་ཤིང་། སྤོ་བདེ་སློབ་གྲྭ231(བྱིས་པ་ཁང་ཚུད)ཡོད་ཚད་བསྐྲུན་ཚར་བ་མ་ཚད་རྩིས་སྤྲོད་བྱས་ཏེ་བཀོལ་སྤྱོད་བྱས་པ་རེད། གནོད་སྐྱོན་ཐེབས་ཁུལ་གྱི་སློབ་མ་རྣམས་རྒྱུན་ལྡན་ལྟར་སློབ་ཁྲིད་ཚོགས་ཆེད་ས་གནས་དེ་གའི་སློབ་གསོ་སྡེ་ཁག་གིས་སེམས་ཁམས་ཆེད་རམས་པ་གདན་འདྲེན་ཞུས་ནས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ལ་གསོ་སྦྱོང་བྱས་ཏེ།སློབ་འགོ་བཙུགས་རྗེས་སློབ་མ་རྣམས་ལ་སེམས་ཁམས་ལམ་སྟོན་སློབ་ཁྲིད་བྱས་པ་མ་ཚད་བདེ་འཇགས་སློབ་གསོ་སོགས་ཀྱི་བརྗོད་བྱ་བྱེད་པའི་སློབ་འགོ་བཙུགས་པའི་སློབ་ཐུན་དང་པོ་དེ་ཚོགས་པ་རེད།
  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་ནས་ཁྲང་ཧྲ་བར་གྱི་མཁའ་ལམ་ཐོག་མ་འཕུར་སྐྱོད་ལེགས་འགྲུབ་བྱུང་།
  • ལེ་ཚན་རྗེས་མ།:བདེ་ཆེན་འཐུས་ཚབ་རུ་ཁག་གི་ལུས་རྩལ་པས་དཔྱང་ཐག་སྤྱི་རྒྱ55ཡན་གྱི་མི་རྐྱང་གི་མཐོ་ཚད་འགྲན་བསྡུར་ཐོག་གསེར་གྱི་བྱང་བུ་བླངས་པ།
  • དོ་སྣང་ཆེ་བའི་རྩོམ།