བདེ་ཆེན་ཁུལ་གྱིས་སྐབས་བཞི་བའི་བུད་མེད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2016-05-04

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས25ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་རྩ་འཛུགས་པུའུ་དང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཁུལ་ཏང་ཨུའི་ཏང་གི་སློབ་གྲྭ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་སྐབས་བཞི་བའི་ཤང་དང་ཁའོ་རིམ་པའི་བུད་མེད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་དེ་ཁུལ་ཏང་གི་སློབ་གྲྭ་ནས་བསྡུས་པ་དང་། གསོ་སྦྱོང་བྱེད་ཡུན་ཉིན5རེད།ཐེངས་འདིའི་གསོ་སྦྱོང་གི་ནང་དོན་གཙོ་བོ་ལ་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་བདེ་ཆེན་ཁུལ་དཔལ་འབྱོར་ཐོལ་བརྒལ་འཕེལ་རྒྱས་དང་སྐུལ་འདེད་བྱེད་ཐབས། སྐྱེས་པ་སྐྱེས་མ་འདྲ་མཉམ་སོགས་ཀྱི་རྒྱལ་ཁབ་ཀྱི་གཞི་རྩའི་སྲིད་ཇུས་དང་འགོ་ཁྲིད་ལས་བྱེད་པའི་སྨྱན་བྱེད་ལ་ཁ་གཏོད་པའི་ནུས་པ། བུད་མེད་འགོ་ཁྲིད་ལས་བྱེད་པའི་སྤྱི་བའི་སྣང་བརྙན་ཇུས་འགོད་དང་གསར་བཟོ། ཁྱིམ་ཚང་འཆམ་མཐུན་གྱི་སྒྱུ་རྩལ། ཁྱིམ་ཚང་དྲག་ཤུགས་ལ་རྒོལ་བའི་ཆེད་དོན་འཆད་ཁྲིད། བུད་མེད་ལས་བྱེད་པའི་སེམས་ཁམས་བདེ་ཐང་སློབ་གསོ་སོགས་འདུས་ཡོད། གསོ་སྦྱོང་གི་དམིགས་ཡུལ་ནི་བུད་མེད་ལས་བྱེད་པས་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། བདེ་ཆེན་ཁུལ་གྱི་ཤང་དང་ཁའོ་རིམ་པའི་བུད་མེད་ལས་བྱེད་པའི་བསམ་བློའི་ཆབ་སྲིད་སྤུས་ཚད་དང་འགོ་ཁྲིད་ཆུ་ཚད། དོ་དམ་ནུས་པ་བཅས་མཐོར་འདེགས་སུ་གཏོང་རྒྱུ་དེ་རེད།རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། ཁུལ་ཏང་ཨུས་བུད་མེད་ལས་བྱེད་པའི་གསོ་སྦྱོང་བྱ་བར་མཐོང་ཆེན་བྱས་ནས་བུད་མེད་ལས་བྱེད་པ་གསོ་སྦྱོང་བྱེད་པ་དེ་ཁུལ་ཡོངས་ཀྱི་ལས་བྱེད་སློབ་གསོ་གསོ་སྦྱོང་གི་སྤྱིའི་འཆར་གཞི་ནང་བཞག་སྟེ། བུད་མེད་ལས་བྱེད་པའི་གསོ་སྦྱོང་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། བུད་མེད་ལས་བྱེད་ཀྱི་དཔུང་སྡེའི་སྤྱིའི་སྤུས་ཚད་ལ་མཐོར་འདེགས་ཆེན་པོ་བྱུང་ཡོད།  །

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས“ལོ་གསུམ་བྱ་འགུལ་གྱི་འཆར་གཞིའི”ཡུལ་བབ་དང་བསྟུན་ནས་གནས་སྤོ་བའི་བྱ་བ་གསལ་བོར་གཏན་འཁེལ་བྱས་པ།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དམངས་སྲིད་ཅུའུ་ལ་ཞིང་ཆེན་སྲིད་གཞུང་གི་གཟེངས་བསྟོད་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།