བདེ་ཆེན་ཁུལ་གྱིས“ལོ་གསུམ་བྱ་འགུལ་གྱི་འཆར་གཞིའི”ཡུལ་བབ་དང་བསྟུན་ནས་གནས་སྤོ་བའི་བྱ་བ་གསལ་བོར་གཏན་འཁེལ་བྱས་པ།
ཀྲུང་གོ་བོད་ཀྱི་དྲ་བ། 2016-03-31
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གིས་ཡུལ་བབ་དང་བསྟུན་ནས་གནས་སྤོ་བའི་བྱ་བ་བཀོད་སྒྲིག་བྱས་ཏེ།“ལོ་གསུམ་བྱ་འགུལ་གྱི་འཆར་གཞིའི”བྱེ་བྲག་གི་དམིགས་ཚད་དང་ལས་འགན་གསལ་བོར་གཏན་འཁེལ་བྱས་ལ།འཆར་གཞི་ལྟར་ན་ཁྱིམ་ཚང1939ཡི་མི8774གནས་སྤོར་རྒྱུ་ཡིན་པ་དང་།སྤྱིའི་མ་དངུལ་སྒོར་དུང་ཕྱུར14.9599གཏོང་རྒྱུ་ཡིན་ལ།དེའི་ནང2016ལོར་ཁྱིམ་ཚང885དང་མི4241གནས་སྤོར་བྱེད་རྒྱུའི་འཆར་གཞི་བཟོས་ཡོད། ཡུལ་བབ་དང་བསྟུན་ནས་གནས་སྤོར་བའི་བྱ་བ་སོ་སོ་བརྟན་བརླིང་ངང་སྤེལ་ཆེད།བདེ་ཆེན་རྫོང་གིས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ཏེ།ཡུལ་བབ་དང་བསྟུན་ནས་གནས་སྤོ་བའི་འཛུགས་སྐྲུན་ལས་གཞིའི་བཀོད་འདོམས་པུའུ་བཙུགས་པ་དང་།ཤང་དང་གྲོང་རྡལ་སོ་སོས་དེ་བསྟུན་གྱི་འགོ་ཁྲིད་ལས་ཁུངས་བཙུགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་འགན་འཁྲི་གསལ་འབེབས་དང་གང་མྱུར་གྱིས་འགུལ་སྐྱོད་བྱས་ནས་བྱེད་ཐབས་སྣ་ཚོགས་བཏོན་པ་དང་།དུས་ཡུན་ཐུང་ངུའི་ནང་ཕྱོགས་ཡོངས་ནས་ཡུལ་བབ་དང་བསྟུན་ནས་གནས་སྤོ་བའི་བྱ་བར་སྐུལ་འདེད་བཏང་ཞིང་།ཟླ3པའི་ཟླ་མཇུག་ལ་ལོ་ཧྲིལ་བོའི་འཆར་བཀོད་ལས་གཞིའི50%ཡན་འཛུགས་སྐྲུན་ལས་འགོ་ཚུགས་པ་དང་།ཟླ5བའི་ཟླ་མཇུག་བར་དུ་ལོ་ཧྲིལ་བོའི་འཆར་གཞི་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པར་ཁག་ཐེག་བྱས་ཡོད། །