བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།
ཀྲུང་གོ་བོད་ཀྱི་དྲ་བ། 2016-03-10
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དེ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་དཔེ་སྟོན་ཁུལ་དུ་བདམས་པའི་ཚུན།རིམ་པ་སོ་སོའི་ནགས་ལས་གཙོ་གཉེར་སྡེ་ཁག་གིས་ནགས་ལས་གཙོ་གནད་བཟོ་འགོད་འཛུགས་སྐྲུན་དང་ནགས་ལས་བདག་སྐྱོང་ལམ་ལུགས་གསར་སྐྲུན།སྤྱི་ཚོགས་ནུས་པ་ཚུར་འགུག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་བྱེད་ཐབས་ལ་སྐུལ་འདེད་བཏང་བ་བརྒྱུད།ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་དང་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།ལྔ་བཅུ་གཉིས་པའི་ཚུན་ནས་བཟུང་།ཁུལ་ཡོངས་ཀྱིས་བསྡོམས་པས་ས་མུའུ་ཁྲི107.28ལ་ནགས་འཛུགས་བྱས་པ་དང་།རི་གཟར་ས་ཁུལ་གྱི་སྐྱེ་ཁམས་ས་མུའུ་ཁྲི12ལ་བཅོས་སྐྱོང་དང་།བྱེ་ཟག་ཅན་དུ་འགྱུར་བ་ས་མུའུ་ཁྲི19.63བཅོས་སྐྱོང་བྱས་ལ།རྫབ་རླངས་འཛུགས་སྐྲུན་བྱས་པ་ཁྱིམ་ཚང11400ལ་སླེབས་ཤིང་འབུད་ཤིང་གྲོན་ཆུང་ཐུབ་པའི་ཐབ་ཀ་ཁྱིམ་ཚང12800དང་།ཉི་ནུས་སྒྲིག་ཆས11499བཙུགས་ཡོད། །