སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དམངས་སྲིད་ཅུའུ་ལ་ཞིང་ཆེན་སྲིད་གཞུང་གི་གཟེངས་བསྟོད་ཐོབ་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།        2016-05-11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉེ་ལམ།ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྱི་ཚོགས་རོགས་སྐྱོར་སྔོན་ཐོན་ཚོགས་པ50དང་སྤྱི་ཚོགས་རོགས་སྐྱོར་སྔོན་ཐོན་མི་སྣ100ལ་གཟེངས་བསྟོད་བྱས།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དམངས་སྲིད་ཅུའུ་ལ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རོགས་སྐྱོར་སྔོན་ཐོན་ཚོགས་པའི་མཚན་སྙན་ཐོབ་པ་དང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དམངས་སྲིད་ཅུའུ་ཤང་གྲོང་མ་མཐའི་འཚོ་བའི་འགན་སྲུང་ལས་བྱེད་མི་སྣ་ནེའུ་ཞའོ་ཁུང་ལ་སྤྱི་ཚོགས་རོགས་སྐྱོར་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ།རྒྱུས་ལོན་པ་ལྟར་ན།ཉེ་བའི་ལོ་འགའི་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དམངས་སྲིད་ཅུའུ་ཡིས་འཕར་སྣོན་དང་དམངས་འཚོ།བརྟན་བརླིང་ལ་ཁག་ཐེག་བྱེད་པའི་གཞི་རྩའི་བླང་བྱ་ལྟར།མི་ཉིད་གཞི་རྩར་བཟུང་སྟེ་དམངས་ཡོངས་ལ་ཕན་ཁེ་བསྐྲུན་པ་དང་རང་ནུས་ཀྱིས་ལས་ཀ་སྒྲུབ་ནས་མིག་རྒྱང་མ་འོངས་བར་ཕྱོགས་པའི་དམངས་སྲིད་བྱ་བའི་རྩ་དོན་ལག་བསྟར་བྱས་ནས་སྤྱི་ཚོགས་རོགས་སྐྱོར་བྱ་བ་སྣ་ཚོགས་སྤེལ།2015ལོར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དམངས་སྲིད་ཅུའུ་ཡིས་བསྡོམས་པས་དཔྱིད་ཀ་དང་དགུན་ཁའི་རྒུད་སྐྱོབ་འབྲུ་རིགས་ཏུན390བྱིན་ནས་དུས་ལྟར་ཤང་གྲོང་དཀའ་ངལ་མང་ཚོགས་ཀྱི་ཐོལ་བྱུང་རང་བཞིན་དང་གནས་སྐབས་རང་བཞིན་གྱི་འཚོ་བའི་དཀའ་ངལ་སྣ་ཚོགས་ཐག་གཅོད་བྱས་ཤིང་།གནས་སྐབས་རོགས་སྐྱོར་མ་དངུལ་སྒོར་ཁྲི392བཏང་ནས་གནས་སྐབས་དཀའ་ངལ་ཁྱིམ་ཚང960ལ་རོགས་སྐྱོར་བྱས།ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་ཁྲི7794.6དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་ཁྲི3370བཏང་།ལོ་ཧྲིལ་བོར་སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་ཁྲི1774.06བཏང་ལ།ཞིང་སྡེའི་ཁྱིམ་ཐོ་ཡོད་པའི་མི104091གསར་དར་མཉམ་ལས་སྨན་བཅོས་སུ་ཞུགས་པར་རོགས་སྐྱོར་བྱས་ལ།མ་དངུལ་སྒོར་ཁྲི836.92བཏང་ཡོད།།
 
  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས་སྐབས་བཞི་བའི་བུད་མེད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་རྫོང་གིས་ཁྱད་འཕགས་ཐོན་ལས་གནད་འཕིགས་དབུལ་སྐྱོར་བྱེད་པའི་ཐོན་ལས་གཙོ་བོར་བསྒྱུར་པ།
  • དོ་སྣང་ཆེ་བའི་རྩོམ།