ཁྱད་ཆོས་ལྡན་པའི་ཐོན་ལས་འདེབས་འཛུགས་ཀྱིས་མཐོ་སྒང་གི་ཞིང་ལས་མགྱོགས་སུ་སྤེལ་བར་སྣེ་ཁྲིད་བྱས།

        2015-05-12

ཡུན་ནན་ཞིང་ཆེན་ཆུས་ཅིན་ཞོན་ཝེ་གྲོང་ཁྱེར་གྱིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་སྡེ་ཁུལ་ཇེ་མགྱོགས་སུ་བསྐྲུན་ནས་ན་ལོར་མ་དངུལ་སྒོར་ཁྲི1100བཏང་བ་དང་། དམངས་ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར10བསྡུས་རུབ་བྱས་ཏེ་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་བཏང་ཞིང་ད་ལྟར་རྒྱ་སྨན་སྨན་རྫས་དང་། ཤིང་ཏོག་དང་སྔོ་ཚལ། མེ་ཏོག་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་སྡེ་ཁུལ50ལྷག་བསྐྲུན་ནས་གྲོང་ཁྱེར་ཡོངས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་མུའུ་ཁྲི70འཕེལ་རྒྱས་བཏང་སྟབས། ཞིང་པའི་གླ་པ་མང་པོ་རང་ཉིད་ཀྱི་སྒོ་ཁར་ལས་ཞུགས་ཆོག་པའི་གནད་དོན་ཐག་གཅོད་བྱས་པར་མ་ཟད། ད་རུང་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་རིན་ཐང་སྒོར་དུང་ཕྱུར26མངོན་འགྱུར་བྱས་ཡོད།
  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས་ཕྱོགས་ཡོངས་ནས་ཆེད་དོན་སློབ་ཁྲིད་ལ་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱིས་ཆེད་དོན་སློབ་གསོར་གནས་པའི་མི་ལྡང་ས་ཡོ་བསྲང་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།