བདེ་ཆེན་ཁུལ་གྱིས་ཕྱོགས་ཡོངས་ནས་ཆེད་དོན་སློབ་ཁྲིད་ལ་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། 2015-04-20
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། “ནན་པོ་གསུམ་དང་དངོས་གནས་གསུམ” དང་“ལྷག་བསམ་རྣམ་དག་དང་གཙང་མ་དང་འགན་འཁུར་ཕོད་པ”ཞེས་པའི་ཆེད་དོན་སློབ་ཁྲིད་སྡུད་པའི་ཁྲོད་དུ།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་རྒྱ་ཁྱབ་ཀྱིས་བྱེད་སྒོ་སྣ་ལྔ་བསྡུས་ནས་ཆེད་དོན་སློབ་ཁྲིད་ལ་གྲུབ་འབྲས་མངོན་གསལ་ཐོབ་རྒྱུར་སྐུལ་འདེད་བཏང་།ཏང་གི་ཤེས་བྱའི་སློབ་ཁྲིད་བྱེད་པ་དང་སློབ་ཁྲིད་ནང་དོན་ཀླད་པར་འབྱོར་ཏེ།བསམ་པའི་རང་བཞིན་མཐོ་རུ་གཏོང་བ།ཁུལ་ཨུའི་འགོ་ཁྲིད་གཙོ་བོས་རང་ཉིད་ཀྱི་ཕུན་སུམ་ཚོགས་པོའི་ལས་ཀའི་ཉམས་མྱོང་གི་སྒོ་ནས་ཁུལ་ཨུས་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་རྒྱལ་ཡོངས་བོད་ཁུལ་ནང་གི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་དཔེ་སྟོན་ཁུལ་འཛུགས་རྒྱུའི་ཉམས་མྱོང་གི་སློབ་ཁྲིད་བྱེད་པ་དང་།ཁུལ་ཨུའི་ཏང་གི་སློབ་གྲྭའི་མཁས་པས་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་ནས་ལས་ཁུངས་ཁག་ཏུ་“ནན་པོ་གསུམ་དང་དངོས་གནས་གསུམ”དང་“ལྷག་བསམ་རྣམ་དག་དང་གཙང་མ་དང་འགན་འཁུར་ཕོད་པ”ཞེས་པའི་ནང་དོན་འགྲེལ་བཤད་བྱས་ཤིང་། ཆེད་དོན་སློབ་ཁྲིད་བསྡུས་པའི་བསམ་པའི་རང་བཞིན་མཐོ་རུ་གཏོང་བ་རེད།སྨྱན་བྱད་ཐོག་དྲིལ་བསྒྲགས་བྱས་པ་དང་སློབ་ཁྲིད་བྱ་ཐབས་སྤྱད་དེ།ཏང་གི་ཚགས་པ་ཐོག་དྲིལ་བསྒྲགས་བྱས་ཤིང་དུས་སྐབས་རང་བཞིན་མཐོ་རུ་གཏོང་བ།རང་ཁུལ་གྱི་རྫོང་གསུམ་དང་གསར་གཏོད་ཆུས་ཀྱི་སྡེ་ཁུལ་དང་བཟོ་གྲྭ་ཁག་ཏུ་དབྱང་ཧྲན་ཀྲུའོ་དང་ཀའོ་ཏེ་རུང་སོགས་སྔོན་ཐོན་མི་སྣའི་འོད་སྡེར་བཀྲམས་ཏེ་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་བྱས་པ་དང་།《བདེ་ཆེན་ཉིན་རེའི་ཚགས་པར》དང་སེམས་ཀྱི་ཉི་ཟླ་དྲ་བའི་ཐོག་འགོད་ཅིང་།དྲིལ་བསྒྲགས་ཀྱི་དུས་སྐབས་རང་བཞིན་མཐོ་རུ་གཏོང་བ།ཁྲོམ་ར་རུ་སྐྱོད་པ་དང་སློབ་གསོའི་བྱ་ཐབས་སྡེ་ཁུལ་དུ་འབྱོར་ཏེ། རྨང་གཞིའི་རང་བཞིན་མཐོ་རུ་གཏོང་བ།ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་སྒོས་བསྡུས་པའི་མང་ཚོགས་ཀྱི་ཞུ་སྦྱོར་རེ་བ་གཞིགས་ནས་《ཞིང་ལས་ཞིང་སྡེའི་དམངས་ཕན་སྲིད་ཇུས་བཤུས་སྒྲིག》དང་《རྣམ་པ་གསར་བའི་གྲོང་གསེབ་འཛུགས་པའི་ཁྲིད་སྟོན་ལག་ཁྱེར》《མང་ཚོགས་ཀྱི་རང་ཉིད་ཁེ་ཕན་ལ་གནོད་པའི་ཁྲིམས་འགལ་དཔེར་འོས་གྱོ ད་དོན་དཔེ་མཚོན》མ་ལག་གི་སློབ་དེབ་ལེགས་སྒྲིག་པར་སྐྲུན་བྱེད་པ་དང་སྡེ་ཁུལ་དུ་འགྲེམ་སྤེལ་བྱེད་པ། མང་ཚོགས་མཐའ་སྐོར་གྱི་སྡེ་ཁུལ་ལས་བྱེད་པ་སྒྲིག་འཛུགས་བྱེད་དེ་སློབ་སྦྱོང་བྱས་པའི་བློ་སྐྱེད་བརྗེ་རེས་བྱས་ཤིང་ཆེད་དོན་སློབ་ཁྲིད་ཀྱི་རྨང་གཞིའི་རང་བཞིན་མཐོ་རུ་གཏོང་བ།ཞིང་དུད་དུ་ཞུགས་པ་དང་སློབ་ཁྲིད་ཀྱི་གྲུབ་འབྲས་གྲོང་གསེབ་ཏུ་ཞུགས་ནས་མང་ཚོགས་རང་བཞིན་མཐོ་རུ་གཏོང་བ། ཁུལ་རིམ་པའི་ཏང་སྲིད་ལས་ཁུངས་དང་ཁེ་ལས། བྱ་བཞག་ལས་ཁུངས།མི་དམངས་ཚོགས་པ་ཁག་ནས་ལས་བྱེད་པ་268འདེམས་སྐོང་བྱས་ནས་རྫོང་དང་ཤང་དང་མཉམ་དུ་“སྟོང་སྐུལ་”ལས་བྱེད་རུ་ཁག་སྒྲིག་འཛུགས་བྱས་ཏེ་མང་ཚོགས་ལ་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་ཤིང་ཆེད་དོན་སློབ་ཁྲིད་ཀྱི་མང་ཚོགས་རང་བཞིན་མཐོ་རུ་གཏོང་བ།དམག་ཁང་དུ་ཞུགས་པ་དང་སློབ་ཁྲིད་མཉམ་འགུལ་དམག་ཁང་དུ་ཞུགས་ནས་མཉམ་འགུལ་རང་བཞིན་མཐོ་རུ་གཏོང་བ། ཁུལ་ཨུའི་རྩ་འཛུགས་པུའུ་དང་བདེ་ཆེན་ཡན་ལག་དམག་ཁུལ་ཁང་ཆབ་སྲིད་པུའུ་ཡིས་སྣེ་ཁྲིད་བྱས་ཏེ་དམག་ཁང་གི་ཆེད་དོན་སློབ་ཁྲིད་ཀྱི་མཉམ་འབྲེལ་ཚོ་ཆུང་འཛུགས་པ་དང་མཉམ་དུ་དམག་ཁང་གི་སློབ་སྦྱོང་ཐོན་ཁུངས་མཉམ་སྤྱོད་བྱས་པ་དང་དཔོན་དམག་སྒྲིག་འཛུགས་བྱས་ནས་བརྗེ་རེས་བྱས་ཤིང་མཉམ་འགུལ་རང་བཞིན་མཐོ་རུ་གཏོང་བ་རེད། །