བདེ་ཆེན་བོད་ཡིག་ཚགས་པར། 2019-01-02
    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་《ཡུན་ནན་ཞིང་ཆེན་བཟའ་བཅའི་ཐོན་སྐྱེད་ཁེ་ལས་ཀྱི་ཉེན་ཁ་རིམ་དབྱེའི་དོ་དམ་ལས་ཀའི་ཚད་གཞི་( ཚོད་ལྟ) 》དང་།   ཟས་རིགས་ཐོན་སྐྱེད་ཁེ་ལས་ཀྱི་རྒྱུན་ལྡན་ལྟ་སྐུལ་དང་ཞིབ་བཤེར་གཞི་གྲངས་དོ་དམ་རྒྱུད་ཁོངས་ལག་རྩལ་གསོ་སྦྱོང་བྱས་པ་མ་ཟད།    ད་དུང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།
བཟའ་བཅའི་ཐོན་སྐྱེད་ཁེ་ལས་ཀྱི་ཉེན་ཁའི་རིམ་པ་ནི་དམའ་ས་ནས་མཐོ་ས་སྟེ། Aརིམ་པའི་ཉེན་ཁ་དང་། Bརིམ་པའི་ཉེན་ཁ། Cརིམ་པའི་ཉེན་ཁ། Dརིམ་པའི་ཉེན་ཁ་བཅས་རིམ་པ་བཞི་རུ་བགར་ཡོད། སྐར་མ་འཐེན་པའི་རྣམ་་གྲངས་ཇི་ཙམ་མང་ན་ཉེན་ཁའི་སྐར་གྲངས་དེ་ཙམ་གྱིས་མཐོ་ལ། ཉེན་ཁའི་རིམ་པ་ཡང་དེ་དང་བསྟུན་ནས་ཇེ་མཐོར་འགྲོ་བཞིན་ཡོད། ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཉེན་ཚབས་ཆེ་ཆུང་རིམ་དབྱེའི་སྐར་འབྲས་གཞིར་བཟུང་ནས། ལུགས་མཐུན་གྱིས་ལྟ་སྐུལ་དོ་དམ་གྱི་ཐོན་ཁུངས་དང་ལྟ་སྐུལ་དོ་དམ་ནུས་པ་བཀོད་སྒྲིག་བྱས་ཡོད། ཚན་རིག་དང་མཐུན་པ་དང་། ནུས་པ་ཐོན་པའི་སྒོ་ནས་རྒྱུན་ལྡན་གྱི་ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་ལས་ཀ་སྒྲུབ་ཡོད། བཟའ་བཅའི་ཐོན་སྐྱེད་ཁེ་ལས་ཀྱི་རིམ་དབྱེ་དོ་དམ་ལག་བསྟར་དང་། རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་མ་ལག་འགོ་ཚུགས་པ་དེས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་ནི་སྲོལ་རྒྱུན་གྱི་རྣམ་པ་ནས་དེང་རབས་གཞི་གྲངས་ཀྱི་རྣམ་པར་བསྐྱོད་ཡོད་པ་མཚོན་ཡོད་ཅིང་། དོན་དངོས་ཐོག་ལྟ་སྐུལ་ཞིབ་བཤེར་གྱི་ཕན་ནུས་དང་རིག་ནུས་ཅན་གྱི་ལྟ་སྐུལ་དོ་དམ་གྱི་ཆུ་ཚད་མཐོར་བཏང་ཡོད་པ་རེད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་སྡེ་ཁག་དང་། ཁྲིམས་འཛིན་རུ་ཆེན། ལྟ་སྐུལ་དོ་དམ་སུའོ་ཡི་ཁྲིམས་འཛིན་མི་སྣས་སོགས་ཁྱོན་བསྡོམས་མི24ཐེངས་འདིའི་གསོ་སྦྱོང་ནང་ཞུགས་ཡོད། །
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ