བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར17ལག་བསྟར་དོན་འཁྱོལ་བྱས།

    ཀྲུང་གོ་བོད་ཀྱི་དྲ་བ།    2019-01-17

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བརྒྱབ་སྟེ་སྲིད་འཛིན་དང་། ཁྲིམས་ལུགས། དོ་དམ་སོགས་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། 2016ལོ་ནས2018ལོའི་བར་ཁུལ་ཡོངས་ཀྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར17ལག་བསྟར་དོན་འཁྱོལ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་ཡོང་བར་མུ་མཐུད་དུ་སྐུལ་འདེད་བཏང་།

   ལོ་གསུམ་གྱི་རིང་སྐྱེ་ཁམས་ཁ་གསབ་ལས་དོན་ནན་ཏན་སྒོས་སྤེལ་བ་སྟེ། རང་བྱུང་ནགས་ཚལ་སྲུང་སྐྱོབ་ལས་གཞིའི་ཐད་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་ཁྲི1890ལག་བསྟར་དོན་འཁྱོལ་བྱས་པ་བརྒྱུད། བསྡོམས་པས་མིས་བཟོས་ནགས་མུའུ་ཁྲི2.9དང་། རི་བཀག་ནགས་སྐྱོང་མུའུ་ཁྲི4.4བཅས་ལག་བསྟར་བྱས།  བྱེ་རྡོ་ཅན་དུ་འགྱུར་བར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གཞིའི་ཐད་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་ཁྲི9450ལག་བསྟར་བྱས་ཤིང་།  བསྡོམས་པས་བྲག་ཞུན་བཅོས་སྐྱོང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ378ལག་བསྟར་བྱས།  རྨོ་བསྐྱུར་ནགས་གསོ་རྩྭ་སྐྱོང་ལས་གཞིའི་ཐད་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་ཁྲི4516ལག་བསྟར་བྱས་པ་དང་བསྡོམས་པས་རྨོ་བསྐྱུར་ནགས་གསོ་མུའུ་ཁྲི13.04ལག་བསྟར་བྱས། ཕྱུགས་དོར་རྩྭ་གསོའི་ལས་གཞིའི་ཐད་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་ཁྲི4385ལག་བསྟར་བྱས་ལ། བསྡོམས་པས་མིས་བཟོས་གཟན་རྩྭའི་ས་ཆ་མུའུ་ཁྲི14.9དང་། སྤྱིལ་ཁྱིམ་དང་ལྷས་རྭ་ཁྲི0.61བཅས་འཛུགས་སྐྲུན་ལག་བསྟར་བྱས། 

   དེ་དང་ཆབས་ཅིག་ཏུ་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་ཕན་ནུས་ཁུལ་གྱི་རྫོང་ཁོངས་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་དཔྱད་ཞིབ་ཀྱི་བླང་བྱ་བཏོན་པ་དང་ཟུང་འབྲེལ་བྱས་ནས་ནན་ཏན་གྱིས་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་ཕན་ནུས་ཁུལ་གྱི་རྫོང་ཁོངས་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་སྒྲིག་འཛུགས་བྱས་ཏེ། དཔྱད་ཞིབ་ཀྱི་ཆེད་ལག་རྩལ་འགན་ལེན་མཁོ་འདོན་བཅས་བྱས་ནས་རྒྱལ་ཁབ་ནོར་སྲིད་ཀྱིས་བདེ་ཆེན་ཁུལ་སྐྱེ་ཁམས་རྫོང་( གྲོང་ཁྱེར་) ཁོངས་སྐྱེ་ཁམས་ཕན་ནུས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་གྱི་སྲིད་ཇུས་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས། 2017ལོ་ནས2018ལོའི་བར། ཁུལ་ཡོངས་སུ་བསྡོམས་པས་གཙོ་གནད་སྐྱེ་ཁམས་ཕན་ནུས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྒོར་དུང་ཕྱུར15.11ལག་ཐོག་ཏུ་འབྱོར་བ་རེད། །


  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བཟའ་བཅའི་ཐོན་སྐྱེད་ཁེ་ལས་ཀྱི་ཉེན་ཁ་རིམ་དབྱེའི་དོ་དམ་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱི་ས་མཐོའི་ཁྱད་ལྡན་ཞིང་ལས་ལ་འཕེལ་ཤུགས་ཆེན་པོ་ལྡན་པ།
  • དོ་སྣང་ཆེ་བའི་རྩོམ།