ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་དེ་སེམས་ཀྱི་ཉི་ཟླ་རུ་བཏང་།

སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།        2018-09-14

 

ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་དེ་སེམས་ཀྱི་ཉི་ཟླ་རུ་བཏང་།

  སྤྱི་ཟླཔའི་ཚེས13ཉིན་གྱི་སྔ་དྲོར། ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་དེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། 

   ཡུན་ནན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་གཞོན་པ་དབྱང་ཉིང་གིས་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི། ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྱིས་འགོ་ཚུགས་མཛད་སྒོའི་ཤིས་ཚིག་ཕུལ། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་པ་ཁྲིད་ནས་ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ནང་ཞུགས་ཡོད་པ་རེད།

   འགོ་ཚུགས་མཛད་སྒོ་དེ་རིག་རྩལ་འཁྲབ་སྟོན་ཆེ་གྲས《གནམ་ས་འབྲེལ་མཚམས》ཞེས་པའི་གླུ་གར་འཁྲབ་སྟོན་བྱས་པ་ནས་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ནི་སྤྱི་ཟླ9པའི་ཚེས13ཉིན་འགོ་ཚུགས་པ་དང་ཚེས15ཉིན་མཇུག་བསྒྲིལ་བ་རེད། སྒྱུ་རྩལ་དུས་ཆེན་གྱི་སྐབས་སུ་འཁྲབ་སྟོན་མི་སྣ་ཁྱོན་བསྡོམས5000ལྷག་འཁྲབ་སྟོན་ནང་ཞུགས་ནས་བསྡོམས་པས་ཆེད་དོན་འཁྲབ་སྟོན་ཐེངས12བཀོད་སྒྲིག་བྱས་ཡོད་པ་རེད།

ཀུའུ་ཁུན་གྱིས་བདེ་ཆེན་ཁུལ་དང་ཁུལ་སྲིད་གཞུང་། ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་ཚབ་བྱས་ནས་རྒྱ་ཆེ་བའི་མགྲོན་པོ་རྣམས་ལ་དགའ་བསུ་ཞུས་བ་དང་། ཁོང་གིས་གསུངས་དོན། དུས་རབས་གསར་པའི་འཐབ་ལམ་གསར་པར་ཁམས་པའི་ས་ཁུལ་འདི་ཉིད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱེད་པའི་སྣེ་ཁྲིད་པར་གྱུར་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཁམས་པའི་ས་ཁུལ་དུ་རྣམ་པར་བཀྲ་བ་དང་གྲུབ་འབྲས་ཐོན་དུ་བཅུག་དགོས། ཁམས་པའི་ས་ཁུལ་འདི་ཉིད་བོད་ཁུལ་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་སྣེ་ཁྲིད་པར་གྱུར་དགོས། ཀྲུང་དབྱང་གི་བོད་སྐྱོང་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་གཞི་རྩའི་སྒྲིག་གཞི་མཉམ་སྐྲུན་དང་། ཐོན་ལས་ཚོང་ར་མཉམ་འབྲེལ། གཙོ་ཆེའི་རྣམ་གྲངས་མཉམ་བརྩོན།  ཞི་མཐུན་མཐའ་མཚམས་མཉམ་བཅོས་བཅས་བྱས་ནས་ཁམས་པའི་ས་ཁུལ་འདི་ཉིད་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་མཁན་གྱི་སྣེ་ཁྲིད་པ་བྱས་ནས། ཁམས་པའི་ས་ཁུལ་འདི་ཉིད་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་མཁན་དང་། ཁམས་པའི་ས་ཁུལ་འདི་ཉིད་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་སྣེ་ཁྲིད་པར་འགྱུར་དགོས། 

    དཀར་མཛེས་ཁུལ་གྱི་དམིགས་བསལ་གྱི་རིག་གནས་མཛེས་ཉམས་མངོན་སྟོན་བྱས་ནས་ཁུལ(གྲོང་ཁྱེར)བཞིའི་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ། སྔར་ལྷག་གིས་སྒྱུ་རྩལ་དུས་ཆེན་གྱི་ནང་ཕུན་སུམ་ཚོགས་པོ་བྱས་ནས་ས་ཁུལ་བར་གྱི་མཛའ་མཐུན་མཉམ་འབྲེལ་ཇེ་དྲག་ཏུ་གཏང་ཆེད། དཀར་མཛེས་ཁུལ་ཉིད་ཧུར་ཐག་གིས་སྐབས་བཅུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ནང་ཞུགས་པ་རེད། སྒྱུ་རྩལ་དུས་ཆེན་སྐབས་སུ། ཁུལ་མི་རིགས་ཟློས་གར་ཁང་གིས་འཁྲབ་སྟོན་མི་སྣ119སྒྲིག་འཛུགས་བྱས་ནས་འགོ་ཚུགས་མཛད་སྒོ་དང་། སྦྲ་གུར་རོལ་དབྱངས་སྟོན་ཚོགས། ཆེད་དོན་རིག་རྩལ་འཁྲབ་སྟོན། མཇུག་བསྒྲིལ་བའི་མཛད་སྒོ་བཅས་སུ་ཞུགས་འཁྲབ་སྟོན་བྱས་པ་རེད། ཁུལ་ལུས་རྩལ་ལྟེ་གནས་ཀྱིས་མདའ་རྩལ་མི་སྣ9སྒྲིག་འཛུགས་བྱས་ནས་གེ་སར་མདའ་རྩལ་རིག་གནས་སྤེལ་རེས་ནང་ཞུགས་ཤིང་། ཁུལ་ཚོང་དོན་མ་དངུལ་གཏོང་འཇོག་སྐུལ་སྤེལ་ཅུས་དང་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་ཅུས་ཀྱིས་མི་སྣ27ལས་གྲུབ་པའི་ཕྱི་ཚོང་རྩ་འཛུགས་སྒྲིག་འཛུགས་བྱས་ནས་ཁྱད་ཆོས་ལྡན་པའི་ཐོན་རྫས་ཕྱི་ཚོང་བྱེད་སྒོའི་ནང་ཞུགས་པ་རེད། །

    ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་པུའུ་ཨུ་དང་། ཡུན་ནན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག ཡུན་ནན་ཞིང་ཆེན་གྱི་སྤུན་ཟླའི་ཁུལ་དང་གྲོང་ཁྱེར། འབྲེལ་མཚམས་རྫོང་དང་གྲོང་ཁྱེར་གྱི་འགན་ཁུར་མི་སྣ། ཆབ་མདོ་གྲོང་ཁྱེར་དང་དཀར་མཛེས་ཁུལ། རྔ་བ་ཁུལ། མགོ་ལོག་ཁུལ། ཡུལ་ཤུལ་ཁུལ། ཀན་ལྷོ་ཁུལ། མཚོ་ནུབ་ཁུལ་གྱི་འཐུས་མི་ཚོགས་པ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།། 

 


  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱི་གསར་བསྣན་གཞན་སྒྱུར་ལས་ཞུགས་མི་ཐེངས་ཁྲི2ལས་བརྒལ་བ།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བཟའ་བཅའི་ཐོན་སྐྱེད་ཁེ་ལས་ཀྱི་ཉེན་ཁ་རིམ་དབྱེའི་དོ་དམ་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།