ཞི་ཅི་ཕིང་གིས་ཡུན་ནན་ཞིང་ཆེན་ལུའུ་ཏེན་རྫོང་དུ་ས་འགུལ་རིམ་པ6.5ཅན་གྱི་གནོད་སྐྱོན་ཚབས་ཆེན་ཐེབས་པར་མཛུབ་སྟོན་གལ་ཆེན་གནང་།

གངས་སྐྱིད་ཀྱིས་བསྒྱུར།        2014-08-08

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ8པའི་ཚེས3ཉིན་འབྱོར་བའི་གཏམ་གསར།  གོང་ཚེས་ཉིན་གྱི་ཆུ་ཚོད16དང་སྐར30ཐོག་ཡུན་ནན་ཞིང་ཆེན་ཧྲའོ་ཐུང་གྲོང་ཁྱེར་ལུའུ་ཏེན་རྫོང་ཁོངས་སུ་རིམ་པ6.5ཅན་གྱི་ས་འགུལ་བྱུང་སྟེ་མི་སྣ150རྐྱེན་ལམ་དུ་ཤོར་བ་དང་མི་སྣ1300ལྷག་ལ་རྨས་སྐྱོན་ཐེབས།
     ས་འགུལ་བྱུང་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐོང་ཆེན་གནང་ཡོད་ཅིང་། དེ་མ་ཐག་མཛུབ་སྟོན་གལ་ཆེན་གནང་བ་སྟེ།  མི་སྲོག་སྐྱོབ་རྒྱུ་དེ་ལས་འགན་ཨང་དང་པོ་བརྩིས་ཏེ་མི་སྣ་ཤི་ཤོར་བ་དང་རྨས་སྐྱོན་ཐེབས་པའི་གནས་ཚུལ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་ཤིང་།མང་ཚོགས་བཀོད་སྒྲིག་བྱེད་པའི་ལས་ཀ་འོས་ཤིང་ཡག་ཙམ་སྒྲུབ་པ།  འབྲེལ་ཡོད་ཕྱོགས་ཀྱིས་གནོད་སྐྱོན་ཐེབས་ཚུལ་ལ་རྒྱུས་ལོན་གང་མགྱོགས་བྱས་ཐོག་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ས་འགུལ་གྱི་ཉེན་ཁ་ལས་གཡོལ་དགོས་ཤིང་།  དུས་མཚུངས་སུ་སྟོབས་ཤུགས་ཡོད་དགུས་འགུལ་འགོག་གནོད་སྐྱོབ་ཀྱི་ལས་ཀར་ཞུགས་དགོས།འཕྲོ་ལུས་ས་འགུལ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་དཔག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གནོད་སྐྱོན་གཞན་དག་མ་འབྱུང་སྔོན་འགོག་ནན་པོར་བྱེད་དགོས།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ་སྟེ།འབྲེལ་ཡོད་སྡེ་ཁག་གིས་ཐབས་བརྒྱ་ཇུས་སྟོང་གིས་ས་འོག་སྦས་པ་དང་རྨས་སྐྱོན་ཐེབས་པའི་མི་སྣ་མྱུར་སྐྱོབ་བྱེད་དགོས་པ་དང་།མང་ཚོགས་ལ་ཟ་རྒྱུ་ཡོད་པ་དང་།  གྱོན་རྒྱུ་ཡོད་པ།  ཆུ་གཙང་མ་འཐུང་རྒྱུ་ཡོད་པ།   གནས་སྐབས་ཀྱི་སྡོད་ས་ཡོད་པ།  ནད་བསྟེན་ས་ཡོད་པ་བཅས་ཁག་ཐེག་བྱེད་དགོས།  གནོད་སྐྱོབ་ཀྱི་དངོས་རྫས་དང་མི་སྣ་སྐྱེལ་འདྲེན་།ཆ་འཕྲིན་བདེ་བགྲོད་ཡོང་བར་འགན་སྲུང་བྱས་ཏེ་གནོད་སྐྱོན་ཐེབས་ཁུལ་གྱི་སྤྱི་ཚོགས་སྒྲིག་ལམ་འཚོ་སྲུང་བྱེད་དགོས།ཞི་ཅིན་ཕིང་དང་ལི་ཁེ་ཆང་གིས་མཛུབ་སྟོན་གནང་བར་དམིགས་ཏེ།རྒྱལ་ཁབ་ཀྱི་གནོད་སྐྱོན་ཆག་གཏོང་ཨུ་ལྷན་གྱི་དྲུང་ཡིག་ཆེན་མོ་བ།དམངས་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ཅང་ལིན་གྱིས་འབྲེལ་ཡོད་སྡེ་ཁག་ལས་གྲུབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་སྒྲུབ་ཚོ་ཆུང་གི་སྣེ་ཁྲིད་བྱས་ཏེ་ས་འགུལ་གནོད་ཐེབས་ཁུལ་དུ་ཕྱིན་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་གནོད་སྐྱོན་ཐེབས་ཁུལ་གྱི་མང་ཚོགས་ལ་འཚམས་འདྲི་ཞུས་ཤིང་།   གནོད་སྐྱོབ་བྱ་རྒྱུའི་ལས་ཀར་བཀོད་འདོམས་བྱས་པ་རེད།
  • ལེ་ཚན་སྔོན་མ།:ཡུན་ནན་ལུའུ་ཏེན་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་མཁན589ལ་བུད།
  • ལེ་ཚན་རྗེས་མ།:ལི་ཁེ་ཆང་གིས་ལས་སྒྲུབ་ཚོ་ཆུང་ཁྲིད་དེ་ཡུན་ནན་ལུའུ་ཏེན་རྫོང་གི་ས་འགུལ་གནོད་སྐྱོན་ཐེབས་ཁུལ་དུ་ཕེབས་ནས་གནོད་སེལ་རྒུད་སྐྱོབ་ལས་ཀར་མཛུབ་སྟོན་གནང་།
  • དོ་སྣང་ཆེ་བའི་རྩོམ།