ལི་ཁེ་ཆང་གིས་ལས་སྒྲུབ་ཚོ་ཆུང་ཁྲིད་དེ་ཡུན་ནན་ལུའུ་ཏེན་རྫོང་གི་ས་འགུལ་གནོད་སྐྱོན་ཐེབས་ཁུལ་དུ་ཕེབས་ནས་གནོད་སེལ་རྒུད་སྐྱོབ་ལས་ཀར་མཛུབ་སྟོན་གནང་།

        2014-08-08

ཟླ་བ8པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མངག་གཏོང་གནང་བར་ལྟར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཚབ་མཛད་དེ་གནོད་སྐྱོན་ཐེབས་ཁུལ་དུ་ཕེབས་ནས་གནོད་སྐྱོན་ཐེབས་པའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་།ཡུལ་དངོས་ཀྱི་གནོད་སེལ་རྒུད་སྐྱོབ་བྱ་བར་མཛུབ་སྟོན་གནང་བ་རེད།ལི་ཁེ་ཆང་གནམ་གྲུར་བཞུགས་ནས་གནོད་སྐྱོན་ཐེབས་ཁུལ་དུ་འབྱོར་མ་ཐག་རླངས་འཁོར་དུ་བཞུགས་ནས་ཐེངས་འདིའི་ཡུན་ནན་ལུའུ་ཏའེ་ཡི་ས་འགུལ་གནོད་སྐྱོན་ཐེབས་པའི་འགུལ་ལྟེ་ལུང་ཐུའུ་གྲོང་རྡལ་དུ་ཕེབས་པ་མ་ཚད།ཡང་ཞབས་ཐང་སྤྱི་ལེ5ཕེབས་རྗེས་གཞི་ནས་གནོད་སྐྱོན་ཚབས་ཆེན་ཐེབས་པའི་ལུང་ཆོན་གྲོང་སྡེར་འབྱོར་ནས་ཡུལ་དངོས་སུ་གནོད་སྐྱོན་ཐེབས་པའི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་།གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བར་མཛུབ་སྟོན་གནང་བ་དང་གནོད་སྐྱོན་ཐེབས་པའི་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།
  • ལེ་ཚན་སྔོན་མ།:ཞི་ཅི་ཕིང་གིས་ཡུན་ནན་ཞིང་ཆེན་ལུའུ་ཏེན་རྫོང་དུ་ས་འགུལ་རིམ་པ6.5ཅན་གྱི་གནོད་སྐྱོན་ཚབས་ཆེན་ཐེབས་པར་མཛུབ་སྟོན་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱི་ལུས་རྩལ་པས་ཞིང་ཆེན་ལུས་རྩལ་འགྲན་བསྡུར་ཐོག་བྱ་དགའ་སྣ་མང་བླངས་པ།
  • དོ་སྣང་ཆེ་བའི་རྩོམ།