ཡུན་ནན་ལུའུ་ཏེན་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་མཁན589ལ་བུད།
མཚོ་སྔོན་བོད་སྐད་རླུང་འཕྲིན། 2014-08-08
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།གསར་འགོད་པས་ཚེས་དྲུག་ཉིན་ཡུན་ནན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།ཚེས་དྲུག་ཉིན་གྱི་དུས་ཚོད་བཅུ་ཐམ་པ་དང་ཕྱེད་ཀའི་བར་དུ།ས་འགུལ་ཁྲོད་ནས་མི་ས་ཡ་གཅིག་དང་ཁྲི་བརྒྱད་སྟོང་བརྒྱད་བཞི་བརྒྱ་ལ་གནོད་འཚེ་ཐེབས་པ་དང་།མི་ལྔ་བརྒྱ་དང་གྱ་དགུ་རྐྱེན་ལམ་དུ་ཤོར་ལ།མི་དགུ་གར་སོང་མ་རྙེད་པ་མ་ཟད།མི་སྟོང་གཉིས་དང་བཞི་བརྒྱ་དང་གཅིག་ལ་རྨས་ཕོག་པ་དང་།མི་འབུམ་གཉིས་དང་ཁྲི་གཉིས་སྟོང་དགུ་བདུན་བརྒྱ་མྱུར་དུ་གནས་སྤར།ཁྱིམ་ཚང་ཁྲི་གཉིས་དང་སྟོང་ལྔ་བརྒྱད་བརྒྱའི་ཁང་པ་གྱན་ཁྲི་བརྒྱད་དང་དགུ་བརྒྱ་བརྡིབས་པ་དང་།ཁྱིམ་ཚང་ཁྲི་བཞི་དང་དྲུག་བརྒྱའི་ཁང་པ་གྱན་འབུམ་གཅིག་དང་ཁྲི་གཉིས་སྟོང་དགུ་བརྒྱ་ཐམ་པར་གཏོར་བརླགས་ཚབས་ཆེན་ཐེབས་ཡོད་ལ།ཁྱིམ་ཚང་འབུམ་གཅིག་དང་ཁྲི་ལྔ་སྟོང་གཅིག་ཉིས་བརྒྱའི་ཁང་པ་གྱན་འབུམ་བཞི་དང་ཁྲི་དྲུག་སྟོང་དྲུག་བརྒྱ་ཐམ་པར་སྤྱིར་བཏང་གི་གཏོར་བརླགས་ཐེབས་ཡོད་ཟེར། །