ལས་བྱེད་པ་
སྟོང་ལྷག་རྩ་འཛུགས་བྱས་ཏེ་ཞིང་སྡེ་རུ་མངགས་ནས་མི་རིགས་མཐུན་སྒྲིལ་གྱི་བྱ་བཞག་ལ་སྐུལ་འདེད་བྱེད་པའི་བྱ་འགུལ་སྤེལ་བ་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དང་བདེ་ཆེན་རྫོང་གི་བྱ་བའི་ཚན་ཆུང་གིས་དུས་ལྟར་རྫོང་ཡོངས་ཀྱི་ཤང་དྲུག་དང་གྲོང་རྡལ་གཉིས་ལ་ལས་བྱེད་མི་སྣ་སྟོང་ལྷག་མངགས་ནས། དཀའ་ཁག་སེལ་བ་དང་ས་དེའི་ཞིང་བ་མང་ཚོགས་རྣམས་རྩ་འཛུགས་བྱས་ཏེ་གནོད་འཚེ་མྱུར་སྐྱོར་དང་གཞུང་ལམ་སླར་གསོ་བྱེད་པ་བཅས་ཏང་ཀྲུང་དབྱང་གི་གཟིགས་སྐྱོང་སྲིད་ཇུས་རྣམས་དུས་ལྟར་རྒྱ་ཆེའི་མང་ཚོགས་རྣམས་ལ་བསྐྱེལ་བས། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།
བྱ་འགུལ་ཁྲོད་རྫོང་འདིས་བྱ་བ་ནན་མོ་བསྒྲུབས་པ་དང་བྱ་བའི་གཙོ་གནད་འཛིན་པ། བྱ་བ་གཏིང་ཟབ་སྒོས་བསྒྲུབས་པ་སོགས་མང་ཚོགས་རྣམས་ལ་རོགས་རེས་བྱས་ཏེ་ཏང་གི་མི་རིགས་སྲིད་ཇུས་ཀྱི་གཞུང་ལུགས་རྣམས་རྒྱུས་ལོན་དང་སློབ་སྦྱོང་དང་། མི་རིགས་མཐུན་སྒྲིལ་གྱི་རང་རྟོགས་རང་བཞིན་དང་བརྟན་བརླིང་རང་བཞིན་འགན་སྲུང་བྱེད་པར་སྐུལ་འདེད་བྱས། ད་ལྟའི་བར་དུ་འབྲེལ་ཡོད་ཀྱི་ཚོགས་འདུ་ཐེངས398བསྡུས་ཤིང་དྲིལ་བསྒྲགས་ཡིག་ཆ25000ལྷག་བཀྲམ་པ་བཅས་མང་ཚོགས་མི་ཐེངས་ཁྲི4ལྷག་བྱ་འགུལ་དེའི་ནང་ཞུགས་པ་དང90%ཡན་གྱི་ས་ཆ་ལ་ཁེབས་ཡོད། །