བོད་ལྗོངས་ཀྱིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱེད་པའི་ཚོགས་ཆེན་འཚོགས་པ།

        2010-08-27

 སྤྱི་ཚེས ༡༩ ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་སར་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱེད་པའི་ཚོགས་ཆེན་འཚོགས་པ་དང༌། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལི་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིང་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང༌། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་་པུའུ་ཀྲང་བློ་བཟང་རྒྱལ་མཚན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་གནང་།

ཀྲང་ཆིང་ལི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་སྲིད་གཞུང་ལས་དོན་སྙན་སྒྲོན་སོགས་ཡིག་ཆར་ཁས་ལེན་དང་གདེང་འཇོག་ཆེན་པོ་གནང་བ་མ་ཟད། བོད་ལྗོངས་ཀྱི་གོང་འོག་ཚང་མས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་དེ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ་གཙོ་གནད་ཐོག་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་དང་བསམ་བློའི་བྱང་ཚད་མཐོ་རུ་གཏོང་བ། ལངས་ཕྱོགས་བརྟན་པོ་ཡོང་བ་བཅས་བྱེད་རྒྱུའི་ཐོག་ཤུགས་སྣོན་བརྒྱབ་ནས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་དང་བཀོད་སྒྲིག་ཁག་གི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང༌། བོད་ཀྱི་ལས་དོན་སྐོར་ལ་ཀྲུང་དབྱང་གིས་གནང་བའི་གཏན་འབེབས་གསར་པ་དང་བྱ་ཐབས་གསར་པ། བླང་བྱ་གསར་པ་བཅས་ཀྱི་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་དང་སྦྲགས། ད་ལོའི་ལས་དོན་གྱི་གཙོ་གནད་ནི་ཕྱོགས་ཡོངས་ནས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང༌། གོང་འཕེལ་དང་བརྟན་ལྷིང་གི་དོན་ཆེན་གཉིས་དམ་འཛིན་ནན་པོ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་མྱུར་ཚད་མགྱོགས་སུ་གཏོང་བ་དང༌། དམངས་ཀྱི་འཚོ་བ་ལེགས་བཅོས་གཏོང་རྒྱུར་འཕེལ་རིམ་གསར་པ་ཡོང་བ་བྱེད་པ། སྤྱི་ཚོགས་བརྟན་ལྷིང་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།  །

  • ལེ་ཚན་སྔོན་མ།: བོད་ལྗོངས་ལྷོ་ཁ་ས་ཁུལ་གྱིས་མི་རིགས་ལག་ཤེས་བཟོ་ལས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ།
  • ལེ་ཚན་རྗེས་མ།:བདེ་ཆེན་རྫོང་གིས་ལས་བྱེད་པ་སྟོང་ལྷག་ཞིང་སྡེ་རུ་མངགས་ནས་མི་རིགས་མཐུན་སྒྲིལ་བྱ་བཞག་ལ་སྐུལ་འདེད་བྱས་པར་
  • དོ་སྣང་ཆེ་བའི་རྩོམ།