བདེ་ཆེན་རྫོང་གིས་སྐྱེ་ཁམས་ཐོན་ལས་དར་སྤེལ་བྱས་ཏེ་ལྗང་མདོག་གི་འཕེལ་རྒྱས་བགྲོད་ལམ་ཞིག་བསྐྲུན་པར་སྐུལ་འདེད་བྱས་པ།
ཚེ་རིང་རྒྱ་མཚོས་བསྒྱུར། 2010-08-27
ཉེ་བའི་ལོ་འགའི་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གིས“སྐྱེ་ཁམས་ལ་བརྟེན་ནས་རང་སྐྱོང་ཁུལ་འཛུགས་པ་དང་རིག་གནས་ལ་བརྟེན་ནས་རང་སྐྱོང་ཁུལ་དར་སྤེལ་བྱེད་པ། འཆམ་མཐུན་ལས་རང་སྐྱོང་ཁུལ་གཏན་འཇགས་ཡོང་བའི”སྤྱི་ཚོགས་དཔལ་འབྱོར་དར་སྤེལ་བྱེད་པའི་བསམ་གཞིགས་བཅངས་ནས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ནི་གཙོ་བོར་བཟུང་ཞིང་། ཐོན་ཁུངས་གསེར་སྤེལ་གྱི་བརྒྱུད་རིམ་ཁྲོད་དཔལ་འབྱོར་འཕེལ་རྒྱས་སྐྱེ་ཁམས་སྲུང་སྐྱོང་དང་བསྟུན་དགོས་པ་དང་། འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་ཀྱི་འབྲེལ་བ་ཡང་དག་པར་ཐག་གཅོད་བྱས་པས། ལྗང་འདོག་གི་འཕེལ་རྒྱས་བགྲོད་ལམ་ཞིག་གསར་སྐྲུན་བྱེད་པར་འབད་པ་བྱེད་བཞིན་ཡོད།
བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ལ་མཚར་སྡུག་ལྡན་པའི་མི་བཟོས་ཡུལ་ལྗོངས་ཡོད་པ་དང་། མི་དང་རང་བྱུང་ཁམས་གཉིས་འཆམ་མཐུན་ངང་གནས་ཡོད་པ་རེད། མི་རིགས་མང་པོ་དང་རིག་གནས་མང་པོ། ཆོས་ལུགས་མང་པོ་འཆམ་མཐུན་ངང་གནས་ཡོད་པས་ཤམ་བྷ་ལའི་ཞིང་ཁམས་ཞེས་རྒྱལ་ཁབ་ཕྱི་ནང་ཀུན་ལ་གྲགས་ཡོད་པ་རེད། ཉེ་བའི་ལོ་འགའི་རིང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་འཛམ་གླིང་རིམ་པའི་གནས་སྐོར་གྱི་ཐོན་ཁུངས་དང་ཤམ་བྷ་ལའི་ཞིང་ཁམས་ཞེས་པའི་འཛམ་གླིང་དུ་གྲགས་པའི་ཐོན་ཁུངས་འདི་གཉིས་ལ་བརྟེན་ནས། གནས་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ཐབས་ཇུས་ཐད་བདེ་ཆེན་བོད་རང་སྐྱོང་ཁུལ་གྱིས་གནས་སྐོར་ཆེན་པོ་དང་ཡུལ་ལྗོངས་ཆེན་པོ། ལས་གཞི་ཆེན་པོ། ཚོགས་ཁག་ཆེན་མོ། འཕེལ་རྒྱས་ཆེན་པོ་དང་མིང་རྟགས་ཅན་དུ་འགྱུར་བ་བཅས་གནས་སྐོར་དང་ཞིང་ལས། སྲུང་སྐྱོང་དང་གསར་སྤེལ་བཅས་ཟུང་འབྲེལ་བྱེད་པའི་ཐོན་ལས་གསར་སྤེལ་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་བརྒྱུད། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འདི་རྒྱལ་ཡོངས་བོད་རིགས་ས་ཁུལ་གྱི་ཐོལ་བརྒལ་རིང་བཞིན་གྱི་འཕེལ་རྒྱས་འགྲོ་བ་དང་ཡུན་རིང་གི་བདེ་འཇགས་ཚོད་ལྟ་ཁུལ་དུ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བར་སྐུལ་འདེད་བྱས་པ་རེད། །