2010-08-27
	ཟླ3པའི་ཚེས18ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འགྲིམ་འགྲུལ་ཉེན་རྟོག་པ་དང་འགྲིམ་འགྲུལ་སྡེ་ཁག  བདེ་འཇགས་ལྟ་ཞིབ་ལས་ཁུངས་སོགས་ཀྱིས་སེམས་ཀྱི་ཉི་ཟླ་རྫོང་གི་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ།  སེམས་ཀྱི་ཉི་ཟླ་རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ཀུང་ཟི་དང་མཉམ་དུ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོ་བྱ་འགུལ་སྤེལ། སེམས་ཀྱི་ཉི་ཟླ་རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ཀུང་ཟིའི་ཁ་ལོ་བ་མང་ཆེ་ཤོས་ཐེངས་འདིའི་འགྲིམ་འགྲུལ་བདེ་འཇགས་ཕྱོགས་ཀྱི་སློབ་གསོ་ལ་ཞུགས།   
	   ཤེས་གསལ་བྱུང་བ་ལྟར་ན།  ད་ལོ་ནས་བཟུང་རྒྱལ་ཡོངས་ཀྱི་ས་ཆ་གཞན་པ་རུ་འགྲིམ་འགྲུལ་ཕྱོགས་ཆག་སྒོ་ལས་མི་བཅུ་ལྷག་ཤི་རྨས་བྱུང་བའི་དོན་རྐྱེན་ཆེན་པོ་བྱུང་། དོན་རྐྱེན་འདི་དག་གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་རླངས་འཁོར་གྱིས་བཟོས་པ་ཡིན།  འགྲིམ་འགྲུལ་དོན་རྐྱེན་ཆེན་པོ་འབྱུང་བ་སྔོན་འགོག་བྱེད་ཆེད་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་འབྲེལ་ཡོད་ལས་ཁུངས་དང་སེམས་ཀྱི་ཉི་ཟླ་རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ཀུང་ཟི་བཅས་དང་མཉམ་འབྲེལ་བྱས་ཏེ་ཐེངས་འདིའི་སློབ་གསོ་བྱ་འགུལ་སྤེལ་བ་རེད།  །  
	      
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10