བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དཔལ་འབྱོར་གསར་སྤེལ་ས་ཁུལ་གྱིས་བཟོ་ལས་ཀྱི་བྱ་བར་སྐུལ་འདེད་བྱས།

ཚེ་རིང་སྒྲོལ་མས།        2010-12-20

ད་ལོར།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དཔལ་འབྱོར་གསར་སྤེལ་ས་ཁུལ་གྱིས་བློ་རྩ་བརྟན་པོས་བཟོ་ལས་ཀྱིས་ཁུལ་སྟོབས་ལྡན་ཏུ་གཏོང་བའི་འཐབ་ཕྱོགས་ལ་ཡར་སྐུལ་དང་།དཀའ་ངལ་སྣ་ཚོགས་ལ་ཁ་གཏད་འཇལ་ཏེ།དཔལ་འབྱོར་དང་སྤྱི་ཚོགས་ཅུང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱུང་། ཤེས་པའི་གནས་ཚུལ་ལྟར་ན།སེམས་ཀྱི་ཉི་ཟླ་རྫོང་གསར་སྤེལ་ས་ཁུལ་གྱི་ལོ་ཧྲིལ་བོའི་ཐོན་སྐྱེད་སྤྱིའི་ཐོན་རིན་ཚོད་དཔག་བྱས་ན་སྒོར་མོ་དུང་ཕྱུར་བཅུ་བཞིར་སླེབས་ཐུབ་པ་དང་།དེ་དུས་མཉམ་ལས་བརྒྱ་ཆའི་བཅོ་བརྒྱད་འཕར་ཡོད་ལ།ཐོན་ལས་གསུམ་པའི་ཐོན་རིན་སྔོན་རྩིས་བྱས་ན་སྒོར་མོ་དུང་ཕྱུར་དགུ་དང་བྱེ་བ་དྲུག་ལྷག་ལ་སླེབས་ཐུབ་པ་དང་།དེ་དུས་མཉམ་ལས་བརྒྱ་ཆའི་སུམ་ཅུ་འཕར་ཡོད་ཟེར།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་སློབ་གསོ་བྱ་འགུལ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།