བདེ་ཆེན་རྫོང་གིས་སྐྱེ་ཁམས་བཟོ་འགོད་འཛུགས་སྐྲུན་ལ་ཤུགས་སྣོན་པ།
ཀྲུང་གོ་བོད་ཀྱི་དྲ་བ། 2015-01-05
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ན་ནིང་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གིས་འཕེལ་རྒྱས་ཁྲོད་དུ་སྲུང་སྐྱོང་དང་། སྲུང་སྐྱོང་ཁྲོད་ནས་འཕེལ་རྒྱས་ལ་ཤུགས་སྣོན་པར་རྒྱུན་འཁྱོངས་བྱས་པ་དང་། ས་དེའི་ཁྱད་ཆོས་ལ་གཞིར་བྱས་ནས་ནགས་ལས་དཔལ་འབྱོར་གཙོ་ཡིན་པའི་རྒྱུན་མཐུད་འཕེལ་རྒྱས་དར་སྤེལ་བྱས་པ་བརྒྱུད། སྐྱེ་ཁམས་འཛུགས་སྐྲུན་ལ་སྔར་ལས་ལྷག་པར་ཤུགས་སྣོན་པ་རེད།
རྫོང་འདིའི་ཁྱོན་ཡོངས་ནས“མཇའ་ཚོན་བཀྲ་བའི་ཡུན་ནན་སེམས་ཀྱི་ཉི་ཟླའི་སྲུང་སྐྱོང་འགུལ་སྐྱོད”དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་། རྨོ་འགོག་ནགས་སྐྱོང་། ཕྱུགས་འགོག་རྩྭ་སྐྱོང་དང་ནགས་ལས་འཛུགས་སྐྲུན་བཅས་གཙོ་གནད་སྐྱེ་ཁམས་བཟོ་འགོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་བརྒྱུད། མིག་སྔའི་བར་རི་འགོག་ནགས་སྐྱོང་མུའུ་ཁྲི2དང་། ནགས་ཚལ་སྐྱོང་ཚད་མུའུ་ཁྲི2། ཉི་ནུས་ཐབ་ཀ952། རྫབ་རླངས་རྫིང་བུ160། མང་ཚོགས90སྐྱེ་ཁམས་གནས་སྤོར་བྱས་པ་སོགས་ལེགས་འགྲུབ་བྱུང་། །