བདེ་ཆེན་ཁུལ་གྱིས་ཧུར་ཐག་སྒོས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས།
ཀྲུང་གོ་བོད་ཀྱི་དྲ་བ། 2013-07-19
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས《ཀྲུང་གུང་བདེ་ཆེན་ཁུལ་ཏང་ཨུ་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར》འགྲེམ་སྤེལ་བྱས་པ་དང་། 《བསམ་འཆར》ལས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་བསྒྱུར་བྱེད་རྒྱུ་དང་། དམངས་གཉེར་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཕྱོགས་གང་ཅི་ཐད་ནས་བཀོད་སྒྲིག་བྱས་ཤིང་། དེང་སྐབས་དང་རྗེས་ཕྱོགས་དུས་སྐབས་ཤིག་གི་ནང་དམངས་གཉེར་དཔལ་འབྱོར་གྱི་སྤྱི་ཁོག་བསམ་ཚུལ་དང་དམིགས་འབེན་ལས་འགན། སྲིད་ཇུས་བྱེད་ཐབས་སོགས་གཏན་འཁེལ་བྱས། །