བདེ་ཆེན་རྫོང་གི་གནས་སྐོར་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2013-07-17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སྟོད་ལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གི་གནས་སྐོར་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ། གནས་སྐོར་རྨང་གཞིའི་སྒྲིག་ཆས་སྔར་ལས་འཐུས་ཚང་དུ་འགྲོ་བཞིན་ཡོད། རྫོང་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི41.62སྣེ་ལེན་བྱས་པ་དང་། ལོ་སྔོན་མ་དང་བསྡུར་ན་དུས་མཉམ་ལས་85%འཕར། དེའི་ནང་ཕྱི་རྒྱལ་གྱི་གནས་སྐོར་བ་མི་ཐེངས་ཁྲི3.89སྣེ་ལེན་བྱས་པ་དང་། སྔོན་ལོ་དང་བསྡུར་ན་མི་ཐེངས་ཁྲི3.47ཇེ་མང་དུ་སོང་། གནས་སྐོར་སྤྱི་ཚོགས་སྤྱིའི་ཡོང་སྒོ་སྒོར་ཁྲི41730.42མངོན་འགྱུར་བྱུང་ལ། ལོ་སྔོན་མ་དང་བསྡུར་ན་སྒོར་ཁྲི28810.49འཕར། གཏན་འཇགས་རྒྱུ་ནོར་མ་དངུལ་གཏོང་ཚད་སྒོར་ཁྲི5330ཡར་འཕར་བ་དང་། ལོ་སྔོན་མ་དང་བསྡུར་ན་སྒོར་ཁྲི2530འཕར་སྣོན་བྱུང་།  ། 
  • ལེ་ཚན་སྔོན་མ།:ཡུན་ནན་དུ་སེམས་ཀྱི་ཉི་ཟླའི་ཞིབ་འཇུག་ཚོགས་པ་བཙུགས་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱིས་ཧུར་ཐག་སྒོས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས།
  • དོ་སྣང་ཆེ་བའི་རྩོམ།