བདེ་ཆེན་རྫོང་གིས་དགེ་རྒན་གྱི་ལས་འགན་སྒྲུབ་པ་དང་རིམ་འཕར་ལ་གསོ་སྦྱོང་བྱས།

    སེམས་ཀྱི་ཉི་ཟླའི་དྲ་བ།    2013-07-23

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ7པའི་ཚེས15ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གི་དགེ་རྒན་ཟབ་སྦྱོང་སློབ་གྲྭས་རྫོང་ཡོངས་ཀྱི་སློབ་ཆུང་དང་བྱིས་པ་ཁང་གི་དགེ་རྒན་སྒྲིག་འཛུགས་བྱས་ནས་དགེ་རྒན་གྱི་ལས་འགན་སྒྲུབ་པ་དང་རིམ་འཕར་ལ་གསོ་སྦྱོང་བྱས་པ། རྫོང་ཡོངས་ཀྱི་སློབ་ཆུང་དང་བྱིས་པ་ཁང་གི་རྐང་འཛིན་དགེ་རྒན20ལྷག་དང་། སློབ་གསོ་ཅུས་དང་དགེ་རྒན་གསོ་སྦྱོང་འཛིན་གྲྭའི་འགན་ཁུར་མི་སྣ་གཙོ་བོ་གསོ་སྦྱོང་དུ་ཞུགས་པ།
ཤེས་གསལ་བྱུང་དོན། ཐེངས་འདིའི་གསོ་སྦྱོང་གིས《རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་གོང་འཕེལ་འཆར་འགོད་ཀྱི་རྩ་གནད》དང་། ཞིང་ཆེན་དང་། ཁུལ། རྫོང་གི་སློབ་གསོ་ལས་ཀའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཆེད་དུ། “དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་”གསོ་སྦྱོང་གི་ནང་དོན་གཙོ་བོར་བྱས་ནས་འགོ་ཚུགས་པ་རེད། གསོ་སྦྱོང་གིས་རང་སྦྱོང་དང་གཅིག་བསྡུས་སློབ་སྦྱོང་སོགས་ཀྱི་རྣམ་པ་སྤྱད་དེ་ཤུགས་འདོན་ནས་བདེ་ཆེན་རྫོང་གི་སློབ་སྦྱོང་དོ་དམ་དང་སློབ་གསོ་སློབ་སྦྱོང་ཁྲོད་དུ་བྱུང་བའི་དོགས་གནད་སེལ་བས། ཧུར་ཐག་ངང་སློབ་སྦྱོང་རང་བཞིན་དང་། ཞིབ་འཇུག་རང་བཞིན། གསར་གཏོད་རང་བཞིན་སོགས་ལྡན་པའི་དགེ་རྒན་གྱི་དཔུང་སྡེ་འཛུགས་པར་འབད་བརྩོན་བྱས་པ་རེད།
ཟབ་སྦྱོང་སློབ་གྲྭའི་འགན་ཁུར་བས་ངོ་སྤྲོད་བྱེད་དོན། གསོ་སྦྱོང་གི་ཚད་དང་མཐུན་པའི་དགེ་རྒན་རྣམས་ལ་གཏན་འབེབས་བྱས་པའི་སློབ་དུས་སྐར་འགོད་ལེན་ཐུབ་སྟེ། དེ་ནི་ལས་འགན་སྒྲུབ་པ་དང་། རིམ་པ་འཕར་བ། ལས་ཀའི་གོ་མིང་དཔྱད་བསྡུར་གཏན་འབེབས་བྱེད་པ་སོགས་ཀྱི་ཁུངས་ལུང་འཛིན་སར་བརྩི་རྒྱུ་རེད།  །
 
  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས་ཧུར་ཐག་སྒོས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གིས་བདེ་འཇགས་དང་ཞབས་ཞུའི་འགྲན་བསྡུར་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།