ཀྲུང་གོ་བོད་ཀྱི་དྲ་བ། 2014-12-31
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་རྡོ་མཁར་གནའ་རྫོང་བསྐྱར་སྐྲུན་བཟོ་འགོད་བཀོད་འདོམས་པུའུ་ནས་རྒྱུས་ལོན་པ་ལྟར་ན། བཀོད་འདོམས་པུའུ་འདིས་ནུས་ཤུགས་ཡོད་དགུ་བཏོན་ནས་འབྲེལ་ཡོད་བྱ་བ་སྒྲུབ་བཞིན་པ་དང་། བསྐྱར་སྐྲུན་བྱ་བ་བདེ་བླག་ངང་སྤེལ་བཞིན་ཡོད་པ་རེད།
མིག་སྔར་གནོད་ཐེབས་ཚོང་ཁང260ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི2024.55བཏང་བ་དང་། དམངས་སྡོད་ཁང་པའི་བསྐྱར་སྐྲུན་ཡར་ཞུ་སྟེང་དུད་ཁྱིམ67ལ་ཆོག་མཆན་ཐོབ།“ལོ་རྒྱུས་ལ་བརྩི་འཇོག་དང་མི་རིགས་ཀྱི་རིག་གནས་ལ་བརྩི་འཇོག་བྱེད་པ། བསྐྱར་སྐྲུན་དང་མཐོར་འདེགས་བྱེད་པ་ཟུང་འབྲེལ་བྱེད་པའི”རྩ་དོན་ལྟར། 《སེམས་ཀྱི་ཉི་ཟླ་རྫོང་རྡོ་མཁར་གནའ་རྫོང“1·11”མེ་སྐྱོན་རྗེས་ཀྱི་བསྐྱར་སྐྲུན་སྤྱི་ཁྱབ་ཇུས་འགོད》མགྱོགས་མྱུར་ངང་ལེགས་འགྲུབ་བྱུང་བ་དང་སྤྱིའི་འཆར་འགོད་འདི་མཛུབ་སྟོན་དུ་བྱས་ཏེ། བཀོད་འདོམས་པུའུ་ཡིས་པེ་ཅིན་སློབ་ཆེན་དང་ཆིན་ཧྭ་སློབ་ཆེན༎ ཁོན་མིན་རང་བྱུང་དང་བཟོ་སྐྲུན་སློབ་ཆེན་འཆར་གཞིའི་ཇུས་འགོད་ཞིབ་འཇུག་གླིང་སོགས་མཉམ་འབྲེལ་བྱས་ནས《སེམས་ཀྱི་ཉི་ཟླ་རྫོང་རྡོ་མཁར་གནའ་རྫོང་མེ་སྐྱོན་རྗེས་ཀྱི་བསྐྱར་སྐྲུན་འཆར་འགོད》དང《སེམས་ཀྱི་ཉི་ཟླ་རྫོང་རྡོ་མཁར་གནའ་རྫོང་མེ་སྐྱོན་རྗེས་ཀྱི་དམངས་སྡོད་ཁང་པ་བསྐྱར་སྐྲུན་འཆར་འགོད》སྒྲིག་བཟོ་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10