དུར་མཆོད་དུས་ཆེན་རྗེས་སུ་པོ་ཏ་མཚོ་མོ་རྒྱལ་ཁབ་སྤྱི་གླིང་གི་སྒོ་བྱང་རིན་གོང་སྒོར258ལ་འཕར་རྒྱུ་རེད།

    ཀྲུང་གོ་བོད་ཀྱི་དྲ་བ།    2013-03-14

ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་བཀོད་པ་བརྒྱུད།  པོ་ཏ་མཚོ་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒོ་བྱང་རིན་གོང་སྔོན་ཆད་ཀྱི་སྒོར190ནས་ད་ལྟའི་སྒོར258ལ་འཕར་རྒྱུ་ཡིན་པ་དང་།  འཕར་ཚད་སྒོར68ཡིན།

 པོ་ཏ་མཚོ་མོའི་རྒྱལ་ཁབ་སྤྱི་གླིང་གིས་འགན་ཁུར་བ་སྐུ་ཞབས་ཀྲུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན།  2006ལོའི་སྤྱི་ཟླ3པར་པོ་ཏ་མཚོ་མོའི་རྒྱལ་ཁབ་སྤྱི་གླིང་ནི་ཀྲུང་གོའི་སྐམ་ས་ཆེན་མོའི་རྒྱལ་ཁབ་སྤྱི་གླིང་དང་པོ་རུ་འཛུགས་སྐྲུན་བྱས་རྗེས།  བདེ་ཆེན་ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་ལྟར་སྒོ་བྱང་རིན་གོང་སྒོར190རུ་གཏན་འཁེལ་བྱས།  ལོ་ངོ8རིང་གི་འཕེལ་རྒྱས་བྱེད་པ་བརྒྱུད།  ཡུལ་ལྗོངས་ཁུལ་གྱི་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུས་ཚང་དུ་འགྲོ་བཞིན་ཡོད་པ་དང་།  གནས་སྐོར་རླངས་འཁོར80ལྷག་དང་ཡུལ་ལྗོངས་ཁུལ་གྱི་ཞབས་ཞུ་མི་སྣ230།  གནས་སྐོར་གཞུང་ལམ་སྤྱི་ལེ69བཅས་འཕར་ཡོད། 

 མིག་སྔར་ཡུལ་ལྗོངས་ཁུལ་འདི་སྒྲིག་ཆས་བཀོད་སྒྲིག་དང་རྒྱ་ཁྱོན། རིམ་པ།  ཞབས་ཞུའི་ཆུ་ཚད་བཅས་ཚང་མ་རྒྱལ་ནང་གི་རྩེ་གྲས་སུ་སོན་ཡོད།  2012ལོར་ཁོ་ནར་གནས་སྐོར་བའི་མི་གྲངས་མི་ཐེངས་ཁྲི109ལས་བརྒལ་བ་དང་།  གནས་སྐོར་སྒོ་བྱང་ཡོང་སྒོ་སྒོར་དུང་ཕྱུར2.02མངོན་འགྱུར་བྱུང་ཡོད་པས།  པོ་ཏ་མཚོ་མོའི་རྒྱལ་ཁབ་སྤྱི་གླིང་ནི་ཡུན་ནན་ཞིང་ཆེན་གྱི5Aརིམ་པའི་ཡུལ་ལྗོངས་ཁུལ་དུ་གྱུར་ཡོད།  ། 

  • ལེ་ཚན་སྔོན་མ།:འབའ་ལུང་རྫོང་དུ་ཐན་སྐྱོན་ཚབས་ཆེན་བྱུང་བ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭའི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཚོགས་ཀྱིས་ཏང་གི་འཐུས་མི་
  • དོ་སྣང་ཆེ་བའི་རྩོམ།