འབའ་ལུང་རྫོང་དུ་ཐན་སྐྱོན་ཚབས་ཆེན་བྱུང་བ།

    ཀྲུང་གོ་བོད་ཀྱི་དྲ་བ།    2013-03-12

2011ལོའི་སྤྱི་ཟླ1པོ་ནས་སྤྱི་ཟླ3པའི་བར་ཐན་སྐྱོན་ཚབས་ཆེན་བྱུང་རྗེས།  ན་ནིང་གི་སྤྱི་ཟླ10བའི་ནང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་དུ་ཡང་བསྐྱར་ཐན་སྐྱོན་ཚབས་ཆེན་བྱུང་། 

 གནམ་གཤིས་བརྟག་དཔྱད་ཡིག་ཆ་ལས་ཤེས་གསལ་བྱུང་བ་ལྟར་ན།  ན་ནིང་གི་སྤྱི་ཟླ10བ་ནས་ད་ལོའི་སྤྱི་ཟླ3པའི་ཚེས3ཉིན་བར་དུ།  ལོ་ངོ53རོང་འབའ་ལུང་རྫོང་དུ་་ཆར་ཆུ་ཆེས་ཉུང་ཞིང་།  ཉེ་བའི་ཟླ5ཡི་རིང་རྫོང་ཡོངས་སུ་ཟླ་རེར་ཆར་ཆུ་འབབ་ཚད་ཆ་སྙོམས་སུ་ཧའོ་སྨི48.7མ་གཏོགས་མེད་པས།  ཐན་སྐྱོན་སྔར་ལས་ཚབས་ཆེན་རེད། 

བརྟག་དཔྱད་བྱས་པའི་གྲངས་ཀ་ལྟར་ན།  སྤྱི་ཟླ3པའི་ཚེས3ཉིན་བར་དུ།  འབའ་ལུང་རྫོང་དུ་ཐན་པ་བྱུང་སའི་མི་གྲངས་ཁྲི3.35དང་།  ཕྱུགས་ཟོག་ཁྲི5.6ལ་ཚད་རིམ་མི་གཅིག་པའི་འཐུང་ཆུའི་དཀའ་ཁག་བྱུང་།  ལོ་ཏོག་འདེབས་རྒྱ་མུའུ་ཁྲི10.72ལ་ཐན་པ་བྱུང་ཡོད་པ་དང་། རྫོང་ཡོངས་སུ་ཐན་པ་ལས་ཐེབས་པའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི2846ལ་སླེབས། 

བསྡོམས་རྩིས་བྱས་པ་ལྟར་ན།  སྤྱི་ཟླ3པའི་ཚེས3ཉིན་བར་དུ།  རྫོང་ཡོངས་ནས་ཐན་འགོག་རྒུད་སྐྱོར་ལ་ཞུགས་པའི་མི་གྲངས་མི་ཐེངས6200དང་།  ཐན་འགོག་འཕྲུལ་ཆས62།  ཆུ་འདྲེན་འགྱིག་མདོང་སྨི58000།  ཨར་འདམ་ཏུན57བཅས་བཀོད་སྒྲིག་བྱས་པས།  གནས་སྐབས་སུ་མང་ཚོགས་ཁྲི1.42དང་ཕྱུགས་ཟོག་ཁྲི1.7གྱི་འཐུང་ཆུའི་དཀའ་ཁག་ཐག་གཅོད་བྱས།  ། 

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་ལོ་སྐྱིད་ཤང་གི“ལས་བྱེད་སྟོང་ཕྲག་སྡེ་བ་རུ་སོང་ནས་མི་རིགས་མཐུན་སྒྲིལ་ཡར་སྐུལ་བྱེད་
  • ལེ་ཚན་རྗེས་མ།:དུར་མཆོད་དུས་ཆེན་རྗེས་སུ་པོ་ཏ་མཚོ་མོ་རྒྱལ་ཁབ་སྤྱི་གླིང་གི་སྒོ་བྱང་རིན་གོང་སྒོར258ལ་འཕར་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།