ཚེ་རིང་རྒྱ་མཚོས་བསྒྱུར། 2012-09-26
སྟོན་འགོ་ཚིགས་མ་ཐག ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དུ་སྟོན་ལེན་པའི་དུས་ཚིགས་ལ་ཐོན་ཡོད་པ་དང་། བོད་རིགས་ཞིང་བ་རྣམས་ཞིང་ཁ་རུ་སྐེ་ཚེ་བསྡུ་ལེན་བྱེད་པའི་ལས་སུ་བྲེལ་བཞིན་ཡོད་ལ། ག་ས་གང་དུ་ལོ་ལོགས་བྱུང་བའི་རྣམ་པ་ཞིག་གིས་ཁེངས་འདུག སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་སྡེ་བའི་ཞིང་བ་བཀྲ་ཤིས་ཀྱིས་ཉེ་བའི་ལོ་འགའི་རིང་རྫོང་འདིས་མཐོ་སྒང་ས་ཁུལ་དུ་མཐོ་སྒང་སྐེ་ཚེ་འདེབས་འཛུགས་བྱེད་པར་ཁྱབ་གདལ་དུ་བཏང་བས། ཞིང་བའི་ཡོང་སྒོ་ཇེ་མང་དུ་སོང་ཡོད་པ་དང་། ད་ལོར་ཁོ་ཚང་གིས་སྐེ་ཚེ་མུའུ4བཏབ་ཞིང་། སྔོན་དཔག་ལྟར་ན་སྐེ་ཚེ་རྒྱ་མ1000ལྷག་བསྡུ་ལེན་བྱེད་ཐུབ་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10