བདེ་ཆེན་ཁུལ་གྱིས་སྐབས་དང་པོའི་ཞིང་བ་ལས་བཟོ་བས་རིག་རྩེད་འགྲེམ་སྟོན་བྱ་འགུལ་སྤེལ་བ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2012-10-17

བདེ་ཆེན་ཁུལ་གྱིས་སྐབས་དང་པོའི་ཞིང་བ་ལས་བཟོ་བས་རིག་རྩེད་འགྲེམ་སྟོན་བྱ་འགུལ་སྤེལ་བ།
དུས་རབས་ལ་བསྟོད་གླུ་བླངས་ཏེ།  ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པ་འཚོགས་པར་དགའ་བསུ་བྱེད་པ། 

བདེ་ཆེན་ཁུལ་གྱིས་སྐབས་དང་པོའི་ཞིང་བ་ལས་བཟོ་བས་རིག་རྩེད་འགྲེམ་སྟོན་བྱ་འགུལ་སྤེལ་བ།
སྙན་ཞིང་འཇེབས་པའི་གླུ་དབྱངས་ལེན་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ10བའི་ཚེས14ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་།  བདེ་ཆེན་ཁུལ་རིག་གནས་ཅུའུ།  བདེ་ཆེན་ཁུལ་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཅུའུ།  བདེ་ཆེན་ཁུལ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་སོགས་ལས་ཁུངས་བཅས་ཀྱིས་སྒྲུབ་འགན་ཁུར་བའི“ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པ་བསུ་མ་བྱེད་པ”སྟེ་བདེ་ཆེན་ཁུལ་གྱི་སྐབས་དང་པོའི་ཞིང་བ་ལས་བཟོ་བའི་རིག་རྩེད་འགྲེམ་སྟོན་སེམས་ཀྱི་ཉི་ཟླ་རྫོང་དཀྱིལ་འཁོར་ཐང་ཆེན་དུ་བསྡུས། 

རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིའི་རིག་རྩེད་འགྲེམ་སྟོན་ནི་བདེ་ཆེན་ཁུལ་གྱིས་སྤེལ་བའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པ་རྒྱལ་ཁའི་ངང་ཚོགས་འགོ་བརྩམས་པའི་རིག་གནས་བྱ་འགུལ་ནང་གི་གཅིག་ཡིན་པ་དང་།  ཞིང་བ་ལས་བཟོ་བས་བདེ་ཆེན་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཛུགས་སྐྲུན་ཐད་བཞག་པའི་བྱས་རྗེས་ལ་བསྟོད་གླུ་ལེན་པར་དམིགས་ནས།  ཕྱོགས་ཡོངས་སུ་ཞིང་བ་ལས་བཟོ་བ་གཙོ་ཡིན་པའི་འཛུགས་སྐྲུན་མཁན་རྣམས་ཀྱི་དུས་རབས་ཀྱི་ཉམས་འགྱུར་འགྲེམ་སྟོན་བྱེད་པ་དང་།  ཞིང་བ་ལས་བཟོ་བས་དཀའ་སྤྱད་སྡུག་རུས་དང་སྒེར་སེམས་མེད་པའི་བླ་མེད་ཀུན་སྤྱོད་ལ་བསྔགས་བརྗོད་བྱས་པ་བརྒྱུད།  སྤྱི་ཚོགས་ཡོངས་ནས་ཞིང་བ་ལས་བཟོ་བར་བརྩི་འཇོག་དང་ཞིང་བ་ལས་བཟོ་བར་རོགས་སྐྱོར་བྱེད་རྒྱུ་དེ་ཡིན།  ། 

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་གི་སྐེ་ཚེ་ལ་ལོ་ལེགས་བྱུང་བ།
  • ལེ་ཚན་རྗེས་མ།:བདེ་ཆེན་རྫོང་གིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པ་དགའ་བསུ་ཞུ་བའི་གླུ་དབྱངས་འགྲན་བསྡུར་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།