བདེ་ཆེན་ཁུལ་དུ་སློབ་མ2192མཐོ་རྒྱུགས་ལ་ཞུགས་པ་དང་གྲངས་ཉུང་མི་རིགས་ཀྱི་སློབ་མ88.5%ཟིན་པ།
ཀྲུང་གོ་བོད་ཀྱི་དྲ་བ། 2014-05-30
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སློབ་མ་བསྡུ་ལེན་གཞུང་སྒྲུབ་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན། ད་ལོར་ཁུལ་ཡོངས་ནས་སློབ་མ2192མཐོ་རྒྱུགས་ལ་ཞུགས་པ་དང་། ན་ནིང་དང་བསྡུར་ན་སློབ་མའི་གྲངས་ཀ120འཕར་སྣོན་བྱུང་། ད་ལོར་རྒྱུགས་སྤྲོད་ས་གནས་བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་དུ་བཙུགས་ཡོད་ལ། ཚད་ལྡན་ཡིན་པའི་རྒྱུགས་སྤྲོད་ས་བསྡོམས་པས74ཡོད་པ་དང་། དེའི་ནང་བྱང་མའི་སློབ་ཁུལ་ཏུ་རིག་གནས་ལོ་རྒྱུས་ཀྱི་རྒྱུགས་སྤྲོད་ས43དང་ལྷོ་མའི་སློབ་ཁུལ་དང་སློབ་གྲྭ་གསུམ་གྱི་རྒྱུགས་སྤྲོད་ས31བཅས་བཀོད་སྒྲིག་བྱས་ཡོད།
རྒྱུགས་སྤྲོད་སློབ་མ2192ཁྲོད། རིག་གནས་ལོ་རྒྱུས་ཕྱོགས་ཀྱི་རྒྱུགས་སྤྲོད་སློབ་མ1283དང་རང་བྱུང་དང་བཟོ་སྐྲུན་རིག་པ་ཕྱོགས་ཀྱི་རྒྱུགས་སྤྲོད་སློབ་མ767། སློབ་གྲྭ་གསུམ་གྱི་རྒྱུགས་སྤྲོད་སློབ་མ142བཅས་ཡོད་པ་དང་། དེའི་ནང་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མ1814དང་ཞིང་སྡེའི་རྒྱུགས་སྤྲོད་སློབ་མ1578འདུས།
མཐོ་རྒྱུགས་སྐབས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་ཆེད། མིག་སྔར། འབྲེལ་ཡོད་སྡེ་ཁག་གིས་མཐོ་རྒྱུགས་སྐབས་ཀྱི་བདེ་འཇགས་བྱ་བའི་ཇུས་གཞི་གཏན་འབེབས་བྱས་པ་དང་། མཐོ་རྒྱུགས་སྐབས་ཀྱི་ཁོར་ཡུག་ལེགས་བཅོས་དང་རྒྱུགས་ལེན་ཡི་གེའི་བདེ་སྲུང་བྱ་བ་སོགས་གྲ་སྒྲིག་བྱ་བ་བྱེད་འགོ་བརྩམས། །