ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2014-06-04
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་བདེ་ཆེན་ཉིན་རེའི་ཚགས་པར་ཁང་། ཁུལ་སྐྱེལ་འདྲེན་དོ་དམ་ཁྲུའུ། ཁུལ་ནགས་ལས་ཅུའུ་བཅས་ལས་ཁུངས་སོ་སོའི་ལས་བྱེད་མི་སྣ་དག་བདེ་ཆེན་ཁུལ་ཏང་ཨུའི་ཏང་སྲོལ་སྲིད་གཙང་སློབ་གསོ་རྟེན་གཞི་ལ་སོང་སྟེ། ཏང་སྲོལ་སྲིད་གཙང་སློབ་གསོ་བཀྲམ་ཁང་ལ་ལྟ་སྐོར་བྱས་པ་མ་ཟད་ཉེན་ཟོན་སློབ་གསོའི་གློག་བརྙན་ལ་བལྟས།
བྱ་འགུལ་ཁྲོད། འགྲེལ་བཤད་པས་སྣེ་ཁྲིད་འོག ཏང་ཡོན་ལས་བྱེད་པས་མཉམ་གཅིག་ཏུ་ཏང་གི་གསར་བརྗེའི་ལོ་རྒྱུས་དང་ཏང་ཀྲུང་དབྱང་གི་འགོ་ཁྲིད་མི་སྣས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བའི་དགོངས་པ་གལ་ཆེན་ཕྱིར་དྲན་བྱས་པ་དང་། བདེ་ཆེན་ཁུལ་གྱི་འཕེལ་རྒྱས་རྒྱུད་རིམ་དང་རུལ་སུངས་ངོ་རྒོལ་ཐད་ཀྱི་ཉེན་ཟོན་སློབ་གསོའི་གྱོན་གཞིའི་དཔེ་མཚོན་ལ་ལྟ་སྐོར་བྱས། པར་རིས་དང་ཡི་གེ་གཉིས་ཀྱི་རྒྱུ་ཆ་སློབ་སྦྱོང་བྱས་པ་བརྒྱུད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་རུལ་སུངས་ངོ་རྒོལ་ཐད་ཀྱི་སློབ་གསོ་ཉམས་སུ་མྱོང་དུ་བཅུག་པ་རེད།
ལྟ་སྐོར་མཇུག་རྫོགས་རྗེས། ཚང་མས་ཏང་གི་ལོ་རྒྱུས་ཡིད་ལ་དམ་པོར་བཟུང་ནས། སྔོན་ཐོན་མི་སྣར་སློབ་སྦྱོང་བྱེད་པ་དང་རུལ་སུངས་ངོ་རྒོལ་ལས་བྱུང་བའི་ལྡོག་ཕྱོགས་མི་སྣར་དོགས་ཟོན་ནན་མོ་བྱེད་པ། ཡང་དག་པའི་མི་ཚེ་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ། འཇིག་རྟེན་ལྟ་ཚུལ་བཞེངས་སྐྲུན་བྱས་ཏེ། བདེ་ཆེན་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་དུས་ཡུན་རིང་བའི་བདེ་འཇགས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་པར་བསྟན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10