《པད་མ་རི་བོའི་བྱ་རིགས》དཔེ་སྐྲུན་དང་འགྲེམ་སྤེལ་བྱས་པ།
བདེ་ཆེན་ཉིན་རེའི་ཚགས་པར། 2014-05-30
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་པད་མ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་འགན་འཁུར་རྩོམ་སྒྲིག་བྱས་པའི་ཀྲུང་གོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བྱ་རིགས་ཀྱི་པར་རིས་རྒྱས་བཤད་དེབ་དང་པོ《པད་མ་རི་བོའི་བྱ་རིགས》དེ་དངོས་སུ་དཔེ་སྐྲུན་དང་འགྲེམ་སྤེལ་བྱས་པ་རེད།
དཔེ་དེབ་དེའི་པར་རིས་མང་ཆེ་བ་ནི་པད་མ་རི་བོ་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ལས་བཟོ་བས་བཏོན་པ་ཡིན་ཞིང་། བྱ་རིགས353བཀོད་ཡོད་དེ། དེས་རྒྱལ་ནང་བྱ་རིགས་ཀྱི28.31%ཟིན་ཡོད།པར་རིས་ནང་དུ་བྱ་རིགས་སོ་སོའི་དུས་ཚིགས་དང་ཕོ་མོ་མི་འདྲ་བའི་པར་རིས་བཀོད་ཡོད་པ་དང་།པར་རིས་ནང་བྱ་རིགས་གྱི་མིང་ནི་རྒྱ་ཡིག་དང་དབྱིན་ཡིག་གིས་བྲིས་ཡོད་པ་མ་ཟད།བོད་མིང་དང་བོད་མིང་གི་སྒྲ་འདོན་སྟངས་སྦྱར་ཡོད་པས།པར་རིས་ཀྱི་ཉེར་སྤྱོད་རང་བཞིན་དང་ཚན་རིག་ཁྱབ་སྤེལ་གྱི་རང་བཞིན་ཇེ་དྲག་ཏུ་བཏང་ཡོད།
དཔེ་དེབ་དེ་ནི་རང་ཁུལ་གྱི་བྱ་རིགས་ཆེད་ལས་མཁས་པ་སྐར་མ་རྒྱ་མཚོས་གཙོ་སྒྲིག་བྱས་ཤིང་།ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོའན་ཧྲིའམ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་དོ་དམ་རིག་པའི་ཆེད་ལས་མཁས་པ་མ་ཅན་ཀྲང་གིས་དཔེ་དེབ་དེ་ལ་ཞིབ་བཤེར་གཏན་འབེབས་དང་འགོ་བརྗོད་གནང་ཡོད། །