བདེ་ཆེན་ཁུལ་གྱི་བྱེད་ཐབས་བཞི་ལག་བསྟར་བྱས་ཏེ་ཟས་རིགས་སྨན་རྫས་ལ་ལྟ་སྐུལ་དོ་དམ་བྱས་པ།
ཀྲུང་གོ་བོད་ཀྱི་དྲ་བ། 2014-05-30
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས27ཉིན་བསྡུས་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་ཟས་རིགས་སྨན་བཅོས་ལྟ་སྐུལ་དོ་དམ་དང་ཏང་སྲོལ་སྲིད་གཙང་བྱ་བའི་གྲོས་ཚོགས་ལས་རྒྱུས་ལོན་པ་ལྟར་ན། ད་ལོར་བདེ་ཆེན་ཁུལ་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་བྱེད་ཐབས་བཞི་སྤྱད་དེ་ལྟ་སྐུལ་དོ་དམ་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་ཞིང་། ཟས་རིགས་སྨན་རྫས་བདེ་འཇགས་ལ་འགན་སྲུང་བྱས།
གཅིག་ནི་ལམ་ལུགས་བཅོས་བསྒྱུར་ཐད་ཀྱི་གསར་སྐྲུན་ཕྱོགས་ནས་ཤུགས་བསྣན་ནས་གཅིག་གྱུར་གྱི་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་མ་ལག་སྐྲུན་པ་དང་། གཉིས་པ་ནི་ཆེད་དོན་ལེགས་བསྒྱུར་བྱ་འགུལ་ཐད་ཤུགས་བསྣན་ནས། ཐོག་མཐའ་བར་གསུམ་དུ་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་བྱེད་པ། གསུམ་པ་ནི་རྒྱུན་ལྡན་གྱི་ཁྲིམས་འཛིན་ལྟ་སྐུལ་ལ་ཤུགས་བསྣན་ནས་ཟས་རིགས་སྨན་རྫས་ལ་ལྟ་སྐུལ་དོ་དམ་བྱེད་པའི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བ་དང་། བཞི་བ་ནི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་བྱ་འགུལ་ལ་ཤུགས་བསྣན་ནས། བྱ་བའི་སྒྲུབ་སྟངས་ལེགས་བཅོས་བྱེད་པ་བཅས་ཡིན།
ཚོགས་ཐོག་ནས་ད་དུང2013ལོའི་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་བྱ་བའི་དམིགས་འབེན་ལས་འགན་ཁྲོད་འཚར་ལོངས་བྱུང་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྣ་བཅས་ལ་གཟེངས་བསྟོད་བྱས་པ་མ་ཟད། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ། སྨན་ལས་འཕྲུལ་ཆས་བདེ་འཇགས་དང་སྨན་རྫས་ཚོད་འཛིན་བཅས་ཕྱོགས་གསུམ་གྱི་བྱ་བའི་དམིགས་འབེན་ལས་འགན་ཡེ་གེ་སྟེང་མིང་ཐོ་བཀོད། །