བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས། 2013-01-22
སྤྱི་ལོ2012ལོར་ཆབ་མདོ་ས་ཁུལ་གྱི་གཙོ་གནད་ཆུ་བེད་རྣམ་གྲངས་ཁག་འཛུགས་སྐྲུན་བདེ་བླག་བྱུང་ཡོད། སྟེང་ཆེན་རྫོང་གི་སྤ་ཟླ་དང་རི་བོ་ཆེ་རྫོང་གི་གངས་གཟེ། ལྷོ་རོང་རྫོང་གི་ཏོག་གཉིས་སོགས་ཆུ་ཤུགས་གློག་ཁང་བཞི་འཛུགས་སྐྲུན་བྱས་པ་དང༌། དཔལ་འབར་དང་སྨར་ཁམས་སོགས་ཀྱི་ཆུ་ཤུགས་གློག་ཁང་བཅུ་བཞིའི་སྐུད་ལམ་སྣུར་འཁྲིད་བྱེད་པའི་ལས་གཞིའི་འཕེལ་རིམ་བདེ་བླག་བྱུང་བ། རྫོང11གི་ཆུ་བེད་ལས་གཞིར་མ་གཏོགས་པའི་ཆུ་ལོག་གནོད་འཚེ་སྔོན་འགོག་བྱ་ཐབས་སྤེལ་མགྱོགས་སུ་བཏང་བ། འཇོ་མདའི་དབོན་པོ་སྟོད་གློག་ཁང་དང་དཔའ་ཤོད་ཀྱི་གླུ་སྐེའི་ཞིང་ཆུ་འདྲེན་ཁུལ། གོ་འཇོ་རྫོང་གི་ཆུ་རགས་སོགས་གཙོ་གནད་ལས་གཞི་ལས་མཇུག་སྒྲིལ་ནས་ཕན་འབྲས་ཐོན་བཞིན་ཡོད་པ་རེད།
ན་ནིང༌ཆབ་མདོ་ས་ཁུལ་གྱིས་ད་དུང་དམངས་འཚོའི་ཆུ་བེད་ལས་གཞི་ལག་བསྟར་ཤུགས་ཆེ་བྱས་ཏེ། ལོ་ཧྲིལ་པོར་གྲོང་གསེབ་ཀྱི་མི་གྲངས50000ལ་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་པ་དང༌། མི་གྲངས20000ལྷག་ཙམ་གྱི་གློག་བེད་སྤྱོད་གཏོང་བའི་གནད་དོན་ཐག་གཅོད་བྱས་པ། ནུས་ལྡན་ཞིང་ཆུ་འདྲེན་ཁུལ་རྒྱ་ཁྱོན་མུའུ་ཁྲི6ཙམ་མང་དུ་དང་ལེགས་བཅོས་བཏང་བ། ཆུ་རགས་སྤྱི་ལེ30ལྷག་ཙམ་རིང་དུ་བཏང་བ། ཆུ་བེད་ལས་གཞི་འཛུགས་སྐྲུན་བྱས་པ་བརྒྱུད་ཞིང་འབྲོག་མང་ཚོགས་ལ་དངུལ་སྨར་ཡོང་འབབ་སྒོར་ཁྲི་ཚོ3092ལྷག་ཙམ་འཕར་སྣོན་བྱུང་བ་བཅས་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10