ཆབ་མདོ་ས་ཁུལ་གྱི་སྐད་གཉིས་སློབ་གསོས་མི་རིགས་མཐུན་སྒྲིལ་ལ་སྐུལ་མ་བཏང་བའི་སྐོར་གྱི་གཏམ་རྒྱུད་ཐུང་ངུ་།

གནམ་ཕྱུག་རྒྱལ།        2012-04-18

བོད་རིགས་བུ་མོ་ཆུང་བདག་སྒྲོལ་མ་ནི་ཆབ་མདོ་ས་ཁུལ་ཚོད་ལྟའི་སློབ་ཆུང་གི་སློབ་མ་ཡིན།ད་ལྟ་ལོ་རིམ་ལྔ་པར་སློབ་སྦྱོང་བྱེད་བཞིན་པོའི་ཁོ་མོ་ནི་སློབ་གྲྭའི་ལོ་རྒྱུས་འགྲེམས་སྟོན་ཁང་གི་འགྲེལ་བཤད་པ་ཆུང་ཆུང་ཞིག་ཡིན་ཞིང་།ཁོ་མོས་ཚད་ལྡན་གྱི་རྒྱའི་སྤྱི་སྐད་ཀྱི་ཐོག་ནས་སློབ་གྲོགསག་ཚོར་སློབ་གྲྭའི་ལོ་རྒྱུས་བཤད་པ་མ་ཟད་རྟག་ཏུ་སློབ་གྲྭས་སྒྲིག་འཛུགས་བྱས་པའི་གཏམ་བཤད་འགྲན་བསྡུར་དང་གཏམ་རྒྱུད་ཤོད་པ། སློབ་ཚན་ཀློག་པ་སོགས་ཀྱི་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་བཞིན་ཡོད་པ་རེད།
ཆབ་མདོ་ས་ཁུལ་ཚོད་ལྟའི་སློབ་ཆུང་གི་སློབ་གཙོ་ཀྲང་ཅིའུ་ལིན་གྱིས་སློབ་གྲྭའི་དགེ་རྒན་ཡོངས་ཀྱིས་ངེས་པར་དུ་རྒྱའི་སྤྱི་སྐད་རྒྱུགས་འཕྲོད་དགོས་པ་དང་བོད་ཡིག་དགེ་རྒན་ཚོ་རྒྱའི་སྤྱི་སྐད་ཀྱི་ཚད་རིམ་གསུམ་པར་སླེབས་དགོས་ཤིང་། དགེ་རྒན་གཞན་དག་གིས་ཚད་རིམ་གཉིས་པ་ལོན་དགོས། རྒྱ་ཡིག་དགེ་རྒན་གྱིས་ངེས་པར་དུ་ཚད་རིམ་དང་པོ་ལོན་དགོས་ཞེས་ངོ་སྤྲོད་བྱས་པ་དང་། ཁོང་གིས་སློབ་གྲྭའི་དགེ་རྒན་གྱི་རྒྱ་ཡིག་ཆུ་ཚད་ལ་འགན་ལེན་བྱས་ཚེ་བོད་རིགས་སློབ་མའི་ཆུ་ཚད་ལེགས་སུ་གཏོང་བར་ཕན་ཐོགས་ཡོད་པ་རེད་ཅེས་བཤད།
ཆབ་མདོ་ས་ཁུལ་སློབ་གསོ་ཅུས་ཀྱི་ལས་བྱེད་པ་ཧྥུའུ་ལིན་ཧྲེང་གིས་གསར་འགོད་པར་ད་ལྟ་ས་ཁུལ་སློབ་གསོ་ཅུས་ཀྱིས་ལོ་རེའི་སློབ་གསོའི་ལྟ་སྐུལ་ལས་དོན་ཁྲོད་རྫོང་ཁག་དང་སློབ་གྲྭ་ཁག་གིས་སྐད་གཉིས་སློབ་ཁྲིད་ཀྱི་ལས་དོན་དེ་ཞིབ་དཔྱད་ཀྱི་དམིགས་ཚད་གལ་ཆེན་དུ་བརྩི་བ་རེད་ཅེས་བཤད་པ་རེད།
སྐད་གཉིས་སྦྱོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དེས་ཆབ་མདོའི་སློབ་གྲྭ་ཁག་གི་དགེ་སློབ་ལ་སྐད་གཉིས་སྦྱོང་བར་སྤྲོ་སེམས་འཕེལ་བ་མ་ཟད་སློབ་མའི་དབར་གྱི་མི་རིགས་མཐུན་སྒྲིལ་ལ་སྐུལ་མ་ནུས་ལྡན་ཐེབས་པར་བརྟེན། མི་རིགས་མཐུན་སྒྲིལ་དང་དེ་བཞིན་སློབ་གྲྭས་བྱེད་སྒོ་ཁག་སྤེལ་བར་ནུས་པ་ཧ་ཅང་བཟང་པོ་ཐོན་ཡོད་པ་རེད།
  • ལེ་ཚན་སྔོན་མ།:བོད་ལྗོངས་མཁའ་འགྲུལ་ཀུང་སིས་ཆབ་མདོའི་སྤང་མདའ་གནམ་གྲུ་འབབ་ཐང་དུ་བདེ་བླག་ངང་ཚོད་ལྟའི་འཕུར་སྐྱོད་བྱས་པ།
  • ལེ་ཚན་རྗེས་མ།:ཤར་བོད་ཀྱི་ཆེས་ཆེ་བའི་དབྱར་རྩ་དགུན་འབུའི་ཉོ་འཚོང་ལྟེ་གནས་ཆབ་མདོ་རུ་བཙུགས་པ།
  • དོ་སྣང་ཆེ་བའི་རྩོམ།