ཆབ་མདོས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་ནས་དམངས་ལ་ཕན་པ་སྐྲུན།

        2014-09-17

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་སྐྲུན་ཆེད། ཆབ་མདོ་ས་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར6.7བཏང་ནས་ཆུ་འཐག་དང་ཨར་འདམ་ལམ། གློག་ཤུགས། སྟབས་བདེའི་ཟམ་པ། དྲོད་ཁང༌། འཕྲིན་གཏོང༌། ཐང་ཆེན། སྡོད་ཁང་བཅས་ལས་གཞི་ཆུང་གྲས་བརྒྱད་ལག་བསྟར་བྱས་པ་དང་། སྤྱི་ཟླ9པའི་ཚེས1ཉིན་བར་མ་དངུལ་སྒོར་དུང་ཕྱུར3.7བཏང་ཟིན་པ་རེད།

ད་ལོ་ཆབ་མདོ་ས་ཁུལ་གྱིས་ལས་གཞི་ཆུང་གྲས་བརྒྱད་ཀྱི་འཆར་འགོད་ནང་ཡན་ལག་རྣམ་གྲངས87ལག་བསྟར་བྱས་ཟིན་པར་མ་དངུལ་སྒོར་དུང་ཕྱུར6.6785བཏང་ཡོད་པ་དང༌། དེང་སྐབས་ཡན་ལག་རྣམ་གྲངས29ལས་འགོ་བཙུགས་ཟིན་པར་མ་དངུལ་སྒོར་དུང་ཕྱུར3.7674བཏང་ཡོད་པ་དང༌། ཡན་ལག་རྣམ་གྲངས་ལས་འགོ་དང་སླར་གསོ་ཐུབ་ཚད་དང་མ་འཇོག་བྱེད་ཚད་ཀྱིས་ཁག་སོ་སོར་ལོ་འཁོར་མོའི་འཆར་གཞིའི33% ལྷག་དང56%ལྷག་ཟིན་ཡོད།  །

  • ལེ་ཚན་སྔོན་མ།:ཆབ་མདོ་ས་ཁུལ་གྱིས་དཔྱིད་འདེབས་གཞི་ཁྱོན་མུའུ་ཁྲི67ལྷག་ལེགས་འགྲུབ་བྱུང་བ།
  • ལེ་ཚན་རྗེས་མ།:ཆབ་མདོ་ས་ཁུལ་གྱིས་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མའི་སློབ་སྐྱོར་རོགས་དངུལ་རྩིས་སྤྲོད་བྱས།
  • དོ་སྣང་ཆེ་བའི་རྩོམ།