བདེ་ཆེན་རྫོང་གིས་སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས།
ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2013-12-06
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས3ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པའི་བདེ་ཆེན་རྫོང་གི་ཏང་གི་སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གསོ་སྦྱོང་ཚོགས་འདུ་རྫོང་སྲིད་གཞུང་གྲོས་ཚོགས་ཁང་དུ་བསྡུས།
གསོ་སྦྱོང་ཚོགས་འདུའི་སྟེང་། བདེ་ཆེན་རྫོང་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་གྱིས་ཏང་གི་སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལས་ཕྱོགས་ཡོངས་སུ་གཏིང་ཟས་མོས་བཅོས་བསྒྱུར་བྱེད་པའི་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན། འཛུབ་སྟོན་བསམ་བློ་དང་སྤྱིའི་བསམ་ཕྱོགས། ལས་འགན་གཙོ་གནད་དང་ཐབས་ཇུས་གལ་ཆེན་སོགས་ལ་གཞིར་བཟུང་ནས་ཆེད་དོན་འཆད་ཁྲིད་བྱས། གསོ་སྦྱོང་ལས་སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ། རྒྱ་ཆེའི་ལས་བཟོ་བས་བསམ་བློ་དང་འདུ་ཤེས་ལག་ལེན་སྟེང་བཀོལ་དགོས་པ་མ་ཟད། སྔར་ལས་ལྷག་པར་འཕེལ་རྒྱས་ལ་ཤུགས་སྣོན་དགོས་པའི་ཆོད་སེམས་རྒྱུན་འཁྱོངས་བྱེད་དགོས་པ་བཅས་བདེ་ཆེན་རྫོང་གི“ལོ་ལྔའི་ཚན་བཅུ་གཉིས”སྐབས་ཀྱི་འཕེལ་རྒྱས་ལ་བསམ་བློ་ཡང་དག་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།
བདེ་ཆེན་རྫོང་ཏང་ཨུ་དང་། རྫོང་དམངས་འཐུས་ཚོགས་ཆེན། རྫོང་མི་དམངས་སྲིད་གཞུང་། རྫོང་སྲིད་གྲོས་ཀྱི་འགོ་ཁྲིད་སྡེ་ཚན་དང་རྫོང་ཐད་གཏོགས་ལས་ཁུངས་སོ་སོ། ལས་ཁུངས་སོ་སོའི་ལས་བཟོ་བ་ཡོངས་ཐེངས་འདིའི་གསོ་སྦྱོང་ཚོགས་འདུར་ཞུགས། །