ཆབ་མདོ་གྲོང་ཁྱེར་གྱིས“གཤམ་སྐྱོད་ལྔའི”བྱ་འགུལ་ནན་ཏན་སྤེལ་བ།

    ཀྲུང་གོ་བོད་ཀྱི་དྲ་བ།    2015-05-29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན།དོན་དངོས་དང་བསྟུན་པ་དང་།འཚོ་བ་དང་བསྟུན་པ།མང་ཚོགས་དང་བསྟུན་པའི་བྱ་བའི་བླང་བྱ་ལྟར།ཆབ་མདོ་གྲོང་ཁྱེར་གྱིས་འཐབ་ཕྱོགས་གཅིག་གྱུར་པུའི་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་དང་།གུང་གཞོན་ཚོགས་པ།ཞིང་ཕྱུགས་ཅུའུ།རིག་གནས་ཅུའུ།འཕྲོད་བསྟེན་དང་སློབ་གསོ་སོགས་སྡེ་ཁག་རྩ་འཛུགས་བྱས་ཏེ།ཆབ་མདོ་གྲོང་ཁྱེར་གྱི་ཁ་རུབ་ཆུས་དང་།རྨོ་མདའ་ཤང་།རྔེ་གཤིས་ཤང་སོགས་ས་གནས་སུ“གཤམ་སྐྱོད་ལྔའི”བྱ་འགུལ་སྤེལ་བ་རེད།
རྒྱུས་ལོན་བྱས་པ་ལྟར་ན།ཐེངས་འདིའི་བྱ་འགུལ་སྐབས་སུ་བསྡོམས་པས་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དྲིལ་བསྒྲགས་ཡིག་ཆ1000ལྷག་དང་།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་གི་ལྟ་བའི་པར་དེབ500ལྷག་འགྲེམ་གཏོང་བྱས་ཤིང་།མི300ལྷག་ལ་རིན་མ་བླངས་པར་ལུས་པོར་བརྟག་དཔྱད་བྱས།དེ་མིན་སྒོར་མོའི་རིན་ཐང་ཁྲི1ལྷག་གི་སྨན་རྫས་གནང་བ་དང་།གུང་གཞོན་སྡེ་ཚོགས་རྫོང་ཨུ་ཡོན་ལྷན་ཁང་གིས་སྒོར9000ལྷག་གི་རིན་ཐང་ལྡན་པའི་དངོས་རྫས་དང《སློབ་མའི་དཔལ་ཡོན་གུས་ལུགས》ལག་དེབ400ལྷག་འགྲེམ་གཏོང་བྱས་པ་རེད།  །
 
  • ལེ་ཚན་སྔོན་མ།:ཆབ་མདོ་གྲོང་ཁྱེར་གྱིས་ལས་ཞུགས་དང་ཡང་བསྐྱར་ལས་ལ་ཞུགས་པའི་བྱ་བར་སྐུལ་འདེད་ནན་མོ་བཏང་།
  • ལེ་ཚན་རྗེས་མ།:ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར50ལས་བརྒལ་བ།
  • དོ་སྣང་ཆེ་བའི་རྩོམ།