ཆབ་མདོ་གྲོང་ཁྱེར་གྱིས་ལས་ཞུགས་དང་ཡང་བསྐྱར་ལས་ལ་ཞུགས་པའི་བྱ་བར་སྐུལ་འདེད་ནན་མོ་བཏང་།

    ཀྲུང་གོ་བོད་ཀྱི་དྲ་བ།    2015-04-09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ།བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་བྱ་བའི་བྱེད་ཤུགས་ཇེ་ཆེར་བཏང་སྟེ།ལས་ཞུགས་དང་ཡང་བསྐྱར་ལས་ལ་ཞུགས་པའི་བྱ་བར་སྐུལ་འདེད་ནན་མོ་བཏང་།རྒྱུས་ལོན་བྱུང་བ་ལྟར་ན།ཆབ་མདོ་གྲོང་ཁྱེར་དུ་མཁར་གྲོང་གི་ལས་ཞུགས་མི་སྣ289གསར་སྣོན་བྱས་ཤིང་།ལོ་འཁོར་ལས་འགན་གྱི8.3%ལེགས་འགྲུབ་བྱུང་ནས།མཁར་གྲོང་གི་ལས་ཤོར་མི་སྣ་ཐོ་འགོད་བྱེད་ཚད2.1%ཟིན།ལས་རིགས་ལག་རྩལ་སྐོར་གྱི་གསོ་སྦྱོང་ཐེངས12སྤེལ་བ་དང་།བསྡོམས་པས་མི704ལ་གསོ་སྦྱོང་བྱས་ཏེ།ལོ་འཁོར་ལས་འགན་གྱི6.4%ཟིན།རིན་མ་བླངས་པར་མི99ལ་ལས་རིགས་མཛུབ་སྟོན་གནང་བ་དང་།མི147ལ་ལས་རིགས་ངོ་སྤྲོད་བྱས་ཏེ།ལས་གནས319གསར་སྤེལ་བྱས་ཡོད་ཅིང་།ལོ་འཁོར་ལས་འགན་གྱི8.8%ལེགས་འགྲུབ་བྱུང་།དེ་མིན་མི་ཁྲི0.12ལྷག་གི་ལས་ཞུགས་བྱ་བ་སྤོ་སྒྱུར་བྱས་ཏེ།ལོ་འཁོར་ལས་འགན་གྱི1.9%ཟིན་པ་དང་།ངལ་རྩོལ་ལ་བརྟེན་ནས་ཡོང་སྒོ་སྒོར་དུང་ཕྱུར0.042མངོན་འགྱུར་བྱས་ནས།ལོ་འཁོར་ལས་འགན་གྱི1.3%བཅས་ལེགས་འགྲུབ་བྱུང་ཡོད་པ་རེད།  །
  • ལེ་ཚན་སྔོན་མ།:ཆབ་མདོ་གྲོང་ཁྱེར་གྱི་རོང་འབྲོག་པ1169ལས་གནས་སུ་ཞུགས་པ།
  • ལེ་ཚན་རྗེས་མ།:ཆབ་མདོ་གྲོང་ཁྱེར་གྱིས“གཤམ་སྐྱོད་ལྔའི”བྱ་འགུལ་ནན་ཏན་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།