སྡེ་ཐོག་ཤང་གིས་མི་སེར་གྱི་བློ་ལ་བབ་པའི་ཡུལ་མི་གནས་སྤོའི་ལས་ཀ་ཡག་པོ་བསྒྲུབས།
དབྱངས་ཅན་གྱིས་བསྒྱུར། 2013-12-03
སྔར་ལས་ལྷག་པར་མང་ཚོགས་ལས་ཀ་མངོན་བསལ་དུ་སྤེལ་ཞིང་། སྡེ་ཐོག་ཤང་གི་ཡུལ་མི་གནས་སྤོ་བཀོད་སྒྲིག་བྱེད་པའི་ལས་ཀ་བདེ་བླག་ངང་འགྲུབ་པར་ཁག་ཐག་བྱེད་ཆེད། སྡེ་ཐོག་ཤང་གིས་ཀྲི་པུའུ་ཡི་མཉམ་འཛུགས་མཉམ་སྐྲུན་དང་། ཉེ་གཉེན་སྒྲིག་པ། དྲིལ་བསྒྲགས་སློབ་གསོ། གཅེས་སེམས་རོགས་སྐྱོར། བདེ་སྐྱིད་ལས་གྲྭ་སོགས་ཀྱི་ལས་ཀ་བསྒྲུབས་པར་བརྒྱུད་ནས། ཀྲི་པུའུ་ཡི་འཐབ་འཛིང་གི་བཙན་རྫོང་དང་ཏང་ཡོན་གྱི་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་སྐུལ་སློང་གང་ལེགས་བྱས་པ་དང་། ཕན་ཡོད་ཀྱི་རྒྱུ་རྐྱེན་ཡོད་ཚད་སྐུལ་སྤེལ་བཏང་ནས་ཧུར་ཐག་གིས་ཡུལ་མི་གནས་སྤོ་བཀོད་སྒྲིག་བྱེད་པའི་ལས་ཀ་ཡག་པོ་བསྒྲུབས་ནས། མང་ཚོགས་ལས་ཀའི་བྱ་སྤྱོད་དེ་ཡུལ་མི་གནས་སྤོ་བཀོད་སྒྲིག་གི་ལས་ཀའི་ཁྲོད་དུ་སྐུལ་འདེད་ཀྱི་ནུས་པ་གང་ལེགས་འདོན་སྤེལ་བྱས་ཡོད།
བྱེད་ལུགས་བྱེད་སྟངས་ལ་དོ་སྣང་བྱས་ཏེ་དྲིལ་བསྒྲགས་བྱས་པ་དང་གནས་སྤོ་བྱ་རྒྱུར་སྐུལ་འདེད་བཏང་། ཉེ་གཉེན་སྒྲིག་པའི་སྡེ་ཚན་དང་ལས་བཟོ་ཚོས་གྲོང་ཚོ་དང་དུད་ཚང་དུ་ཕྱིན་ནས་མི་རེ་རེ་བཞིན་དང་ཁ་བརྡ་ལབ་རེས་བྱས་ཏེ་གནས་སྤོ་ཡུལ་མིའི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཤང་ཏང་ཨུ་ཡིས་གཅིག་ཕན་གཅིག་རོགས་ཀྱི་བྱེད་ཐབས་སྤྱད་པ་དང་། ཟླ་བ་རེར་ཚགས་པར་ཀློག་པའི་བྱེད་སྒོ་སྤེལ་བར་བརྒྱུད་ནས་སློབ་གྲྭའི་མཐོ་རིམ་སློབ་མ་ལ་གནས་སྤོ་ཡུལ་མིའི་དྲིལ་བསྒྲགས་ཤོག་བྱང་བཀྲམ་པ་དང་། སློབ་གྲྭའི་ཁྱིམ་བདག་གྲོས་ཚོགས་ཀྱི་གོ་སྐབས་སྤྱད་ནས་གནས་སྤོ་ཡུལ་མིའི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་། ཉེ་གཉེན་སྒྲིག་པའི་ལས་བྱེད་པ་དང་ལས་བཟོ་ཚོས་མི་རེ་རེ་བཞིན་དང་ཁ་བརྡ་ལབ་རེས་བྱས་ཏེ་མང་ཚོགས་བར་དང་བརྩེ་སེམས་ཟབ་སྤེལ་བཏང་ནས། གནས་སྤོ་ཡུལ་མི་བཀོད་སྒྲིག་བྱེད་པའི་ལས་ཀར་དྲིལ་བསྒྲགས་ཀྱི་གླེང་ཕྱོགས་བཟང་པོ་བསྐྲུན་པ་རེད།
ཀྲི་པུའུ་ཆེས་མདུན་གྲལ་དུ་བཙུགས་ནས་བཙན་རྫོང་བསྐྲུན། གནས་སྤོ་ཡུལ་མིའི་ལས་ཀ་བདེ་བླག་ངང་སྐུལ་འདེད་གཏོང་ཐུབ་མིན་ནི་གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་རྒྱུ་དེ་འགག་རྩ་ཡིན། སྡེ་ཐོག་ཤང་ཏང་ཨུ་ཡིས་མང་ཚོགས་ལས་ཀའི་ཀྲི་པུའུ་ཡི་མཉམ་འཛུགས་མཉམ་སྐྲུན་གྱི་ལས་ཀ་དོན་འཁྱོལ་བྱེད་རིང་དུ་གནས་སྤོ་ཡུལ་མིའི་གྲོང་ཚོ་སོ་སོའི་ཏང་ཀྲི་པུའུ་དང་ཀྲི་པུའུ་ཡི་མཉམ་འཛུགས་མཉམ་སྐྲུན་སྡེ་ཚན་གྱི་ཐུན་མོང་དུ་ཏང་རྩ་འཛུགས་ཀྱིས་གནས་སྤོ་ཡུལ་མིའི་ལྟེ་བ་བྱེད་པ་དང་། ཏང་ཡོན་ལས་བྱེད་པས་གནས་སྤོ་ཡུལ་མིའི་གདོང་ལེན་པ་བྱེད་པ། མང་ཚོགས་ཀྱིས་གནས་སྤོ་ཡུལ་མིའི་དཔེ་སྟོན་བྱེད་མཁན་དུ་གྱུར་ཐུབ་པ་བཅས་བརྩོན་ལེན་བྱ་རྒྱུ་ཡིས་ནང་དོན་གཙོ་བོ་བྱས་ནས་གནས་སྤོ་ཡུལ་མིའི་གདོང་ལེན་ལས་གྲྭའི་བྱེད་སྒོ་ལག་བསྟར་བྱས་ཏེ་སྡེ་ཐོག་ཤང་གི་གནས་སྤོ་ཡུལ་མིའི་ལས་ཀ་བདེ་བླག་ངང་སྐུལ་འདེད་གཏོང་ཐུབ་པར་འགན་སྲུང་བྱས་པ་རེད།
གདོང་ལེན་པ་བྱ་རྒྱུར་བརྩོན་ལེན་བྱས་ཏེ་ལས་ཡུལ་དང་པོར་ཕྱིན་ནས་དཀའ་གནད་སེལ། སྡེ་ཐོག་ཤང་གིས་གནས་སྤོ་ཡུལ་མིའི་མང་ཚོགས་ལས་ཀ་དངོས་སུ་སྒྲུབ་རིང་དུ། གནས་སྤོ་ཡུལ་མི་ཚོགས་པའི་གནས་ཚུལ་འདྲ་མིན་ལ་དམིགས་པ་དང་། ཐབས་ལམ་སྣ་མང་གི་ཐོག་ནས་འགལ་བ་སེལ་རོགས་བྱས། ལས་ཡུན་ལྡོག་རྩིས་རྒྱག་པ་དང་། ས་ཁུལ་བགོས་ནས་འགན་གཙང་ལེན་བྱེད་པ། འགན་འཁྲི་མིའི་ཐོག་ལ་དོན་འཁྱོལ་བྱེད་པ་བཅས་ཀྱི་བྱེད་ཐབས་སྤྱད་ནས་གནས་སྤོ་མང་ཚོགས་ཀྱི་ལས་ཀ་ཡག་པོ་སྒྲུབ་ཆེད། སྡེ་ཐོག་ཤང་གིས་ཤང་གི་ལས་བྱེད་པ་དང་ཉེ་གཉེན་སྒྲིག་མཁན་ཏང་ཡོན་ལས་བྱེད་པ775ཡིས་གནས་སྤོ་ཡུལ་མིའི་དུད་ཚང1035དང་ཉེ་གཉེན་སྒྲིག་ཏུ་བཅུག་པ་དང་། དུད་ཚང་རེ་རེ་བཞིན་ལ་འགན་གཙང་ལེན་བྱས་ནས་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་། དཀའ་ངལ་གྱི་གནད་དོན་སྡུད་རུབ། འགལ་བ་དང་རྩོད་གླེང་སེལ་བ་སོགས་ཀྱི་ལས་ཀ་ཡོངས་རྫོགས་འགན་གཙང་ལེན་བྱས་པ་དང་། གནས་སྤོ་ཡུལ་མིའི་དུད་ཚང་དུ་བཅར་འདྲི་བྱས་པ་དང་། རིགས་སྣ་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་བརྒྱ་ཙམ་སྡུད་རུབ་བྱས་ཏེ། རྒྱ་ཆེ་བའི་གནས་སྤོ་མང་ཚོགས་དང་ཉ་ཆུ་ལྟ་བུའི་འབྲེལ་བ་ཟབ་མོ་བཙུགས་ནས། དུས་བཅད་ལྟར་གཞི་རྩའི་ཐོག་ནས་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས་ཕྱོགས་སོ་སོའི་ནུས་ཤུགས་གཅིག་སྡུད་བྱས་ནས་ཡོངས་ཁྱབ་ཏུ་མཁྲེགས་གཏོར་གྱི་ཨར་ལས་ལག་བསྟར་བྱས་པ་རེད།