འབའ་ཐང་རྫོང་གིས་དབང་པོ་སྐྱོན་ཅན་ལ་བབ་བསྟུན་ལས་ཞུགས་བྱ་རྒྱུར་ཁག་ཐེག་བྱས།
དབྱངས་ཅན་གྱིས་བསྒྱུར། 2013-12-03
དབང་པོ་སྐྱོན་ཅན་གྱི་མི་སྣར་གཅེས་སེམས་རོགས་སྐྱོར་གྱི་བྱེད་སྒོ་ཟབ་སྤེལ་གཏོང་བར་ཤུགས་སྣོན་རྒྱག་ཆེད། འབའ་ཐང་རྫོང་གིས་དབང་པོ་སྐྱོན་ཅན་གྱིས་ཁྱིམ་ནང་བསྡད་ནས་བབ་བསྟུན་ལས་ཞུགས་བྱ་རྒྱུ་དེ་དམིགས་ཡུལ་བྱས་པ་དང་། ས་ཁད་མཐོ་ཚད་སྨི3000ནས་3400བར་སྐྱེ་སྲིང་འཕྲོད་པའི་རྒྱ་སྨན་སྨན་ཤིང་མ་ཀ་འདེབས་འཛུགས་བྱས་པར་བརྒྱུད་ནས་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་ཡོང་འབབ་འཕར་སྣོན་བཏང་བ་རེད།
རྫོང་དེས་རྫོང་རྩ་ཤང་གི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང89དང་འབའ་ཐང་རྫོང་སྔོ་ལྗང་ཐང་ཆེན་གྱི་སྐྱེ་དངོས་ཚན་ཁག་གི་ལག་རྩལ་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་བྱ་རྒྱུ་སྐུལ་སློང་བྱས་པ་དང་། ཀུང་སིས་ལག་རྩལ་ཁྲིད་སྟོན་དང་ཐོན་རྫས་ཚུར་སྡུད་རྒྱུའི་འགན་ཁུར་བར་མ་ཟད། རིན་པ་མི་དགོས་ནས་སྒོར་ཁྲི40བཏང་ཏེ་མ་ཀའི་ཤིང་ཕྲུག་ཉོ་སྒྲུབ་བྱས། མིག་སྔར་འདེབས་འཛུགས་གཞི་ཁྱོན་མུའུ་267ལ་སླེབས་པ་དང་སྔོན་དཔག་བྱས་ན་ལོ་རེར་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་ཡོང་འབབ་སྒོར་7500འཕར་སྣོན་གཏོང་ཐུབ་པ་དང་ཆབས་ཅིག ད་རུང་ཡུལ་དེ་རང་གི་དབང་པོ་སྐྱོན་ཅན་དང་དེ་ཚོའི་ཁྱིམ་མི་སྐབས་འཕྲལ་གླ་པ་རུ་གདན་ཞུ་སྐུལ་སྤྱོད་བྱས་པ་དང་། མི་རེར་ཉིན་གླ་སྒོར100རེ་ཡོད་པས་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་ཕན་ནུས་ལྡན་པའི་ཡོང་འབབ་འཕར་སྣོན་བཏང་བ་རེད།
དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་གིས་མ་ཀ་འདེབས་འཛུགས་བྱས་ཏེ་དབང་པོ་སྐྱོན་ཅན་དང་དེ་ཚོའི་ཁྱིམ་མིས་ཁྱིམ་ནང་བསྡད་ནས་བབ་བསྟུན་ལས་ཞུགས་བྱེད་ས་མཁོ་སྤྲོད་བྱས་པ་མ་ཟད། རྫོང་ཡོངས་ཀྱི་ཐོན་ལས་ཆགས་ཚུལ་ལེགས་སྒྲིག་བྱ་རྒྱུའི་ཐད་དཔེ་སྟོན་གྱི་ནུས་པ་ཐོན་ཡོད་པ་རེད། དེ་རིགས་ཀྱི་རྣམ་གྲངས་ལག་བསྟར་བྱས་སྟབས་དེ་བས་མང་བའི་དབང་པོ་སྐྱོན་ཅན་གྱིས་རང་ཉིད་ཀྱི་སྒོ་ཁར་ལས་ཞུགས་བྱ་ཐུབ་ནས་དབང་པོ་སྐྱོན་ཅན་ཁྱིམ་ཚང་ལ་བདེ་སྐྱིད་རབ་ཏུ་བསྐྲུན་པ་རེད།