བདེ་ཆེན་རྫོང་དང་སེམས་ཀྱི་ཉི་ཟླ་རྫོང་སྡེ་རོང་རྫོང་བཅས་ཀྱི་ས་མཚམས་སུ་རིམ་པ3.2ཀྱི་ས་འགུལ་བྱུང་།
ཀྲུང་གོ་བོད་ཀྱི་དྲ་བ། 2013-11-14
ཀྲུང་གོའི་ས་འགུལ་བརྟག་དཔྱད་དྲ་བས་བསྒྲགས་པའི་གནས་ཚུལ་ལྟར་ན། སྤྱི་ཟླ11པའི་ཚེས12ཉིན་གྱི་སྔ་དྲོའི་དུས་ཚོད12.45སྟེང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་།སེམས་ཀྱི་ཉི་ཟླ་རྫོང་བཅས་ཀྱི་ས་མཚམས་སུ་རིམ་པ3.2ཀྱི་ས་འགུལ་བྱུང་ཞིང་། ས་འགུལ་གྱི་གཏིང་ཚད་སྨི་སྟོང་དགུ་ཟིན།