སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་རྒྱལ་ཁའི་ངང་མཇུག་བསྒྲིལ།

བཀྲ་ཤིས་དང་དབྱང་ཡན་ནས།        2013-10-24

སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་རྒྱལ་ཁའི་ངང་མཇུག་བསྒྲིལ།
 

ཟླ་བ10པའི་ཚེས23ཉིན།ཉི་མ་ལྔའི་རིང་གི་སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་རྒྱལ་ཁའི་ངང་ཆབ་མདོ་ལ་མཇུག་བསྒྲིལ།མཇུག་བསྒྲིལ་བའི་མཛད་སྒོའི་ཐོག་ལ་དཀར་མཛེས་ཁུལ་དང་ཡུལ་ཤུལ་ཁུལ།བདེ་ཆེན་ཁུལ།ཆབ་མདོ་ས་ཁུལ་བཅས་ཀྱི་དབུ་ཁྲིད་འཐུས་མི་རྣམས་ཀྱིས་སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ལ་ཡིད་སྨོན་པའི་འབྲས་བུ་ཐོབ་པ་ལ་དགའ་སྟོན་རྟེན་འབྲེལ་ཞུས་པ་དང་།ས་གནས་སོ་སོའི་རིག་གནས་ཡུལ་སྐོར་དང་དཔལ་འབྱོར་འཕེལ་རྒྱས་བཅས་ངོ་སྤྲོད་བྱས་པ་མ་ཚད།སླན་ཆད་ཀྱི་ཁམས་པའི་སྒྱུ་རྩལ་དུས་ཆེན་ལ་སྨོན་སེམས་བཅངས་པ་རེད།རང་ཁུལ་གྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཧྥན་ཝུན་ཧྭ་ཡིས་ངས་དཀར་མཛེས་ཁུལ་ཨུ་དང་ཁུལ་དམངས་ཆེན།ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས་ཀྱི་ཚབ་བྱས་ནས་སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་འགན་སྒྲུབ་གནང་བའི་ཆབ་མདོ་ས་ཁུལ་ལ་བཀའ་དྲིན་ཆེ་ཞུ་བ་དང་།སྒྱུ་རྩལ་དུས་ཆེན་རིང་ལ་ཐོབ་པའི་འབྲས་བུ་ལ་རྟེན་འབྲེལ་ཞུ་ཞེས་གསུངས་པ་མ་ཚད།ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་གོ་སྐབས་དང་བསྟུན་ནས་ཁམས་པའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་འགྲོ་བ་ལ་སྐུལ་འདེད་ཐོབ་ལ་དུས་ཆེན་འདི་ནི་ཁམས་པའི་རིག་གནས་འཕེལ་རྒྱས་དང་འགྲེམ་སྟོན་གྱི་གར་སྟེགས་ཆེན་མོར་འགྱུར་ངེས།དཀར་མཛེས་ཁུལ་གྱི་མི་རིགས་སོ་སོས་ཏང་གི་དབུ་ཁྲིད་ལ་བརྟེན་ནས་འོད་སྟོང་འབར་བའི་ཁམས་པའི་རིག་གནས་བསྐྲུན་ཡོད་པས་ཁམས་པའི་རིག་གནས་ཞིབ་འཇུག་གླིང་བཙུགས་ཡོད།དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ཧ་ཅང་འབེལ་བས་ང་ཚོས་གོང་རིམ་དབུ་ཁྲིད་ཀྱིས་ཐུགས་ཁུར་དང་ཁྱིམ་མཚེས་ས་ཁུལ་རྣམས་ཀྱིས་རྒྱབ་སྐྱོར་གནང་བ་ལ་བརྟེན་ནས་ཞི་མཐུན་དང་མཛེས་སྡུག་ལྡན་པའི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱ་རྒྱུ་ཡིན།སྐབས་བརྒྱད་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ནི་དཀར་མཛེས་ཁུལ་ལ་སྤེལ་རྒྱུ་ཡིན་པས་དཀར་མཛེས་ཁུལ་མི་དམངས་ཡོངས་ཀྱིས་ཁྱེད་རྣམ་པ་ལ་སྙིང་ཐག་པ་ནས་དགའ་བསུ་ཞུ་ཞེས་གསུངས། མཇུག་བསྒྲིལ་བའི་མཛད་སྒོའི་མཐའ་ལ་ཆབ་མདོ་དང་དཀར་མཛེས།ཡུལ་ཤུལ།བདེ་ཆེན་བཅས་ཀྱི་འཁྲབ་སྟོན་པ་རྣམས་ཀྱིས་ཡིད་དབང་འཕྲོག་པའི་བྲོ་དང་རྣ་དབང་འཕྲོག་པའི་གླུ་ཡིས་ལྟད་མོ་བསྟན་པ་རེད།
 
 

  • ལེ་ཚན་སྔོན་མ།:ཁུལ་ཞིང་ལས་ཅུས་ཀྱིས་འགན་ཁུར་བ་དང་འགན་གཙང་ལེན་རོགས་སྐྱོར་གྱི་ལས་ཀ་དོན་འཁྱོལ་བྱས།
  • ལེ་ཚན་རྗེས་མ།:བདེ་ཆེན་རྫོང་དང་སེམས་ཀྱི་ཉི་ཟླ་རྫོང་སྡེ་རོང་རྫོང་བཅས་ཀྱི་ས་མཚམས་སུ་རིམ་པ3.2ཀྱི་ས་འགུལ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།