སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ནང་དུ་བྲིས་གཟུགས་དང་མཛེས་རྩལ་པར་རིས་འགྲེམ་སྟོན་བྱས།

བཀྲ་ཤིས་དང་དབྱང་ཡན།        2013-10-21

སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ནང་དུ་བྲིས་གཟུགས་དང་མཛེས་རྩལ་པར་རིས་འགྲེམ་སྟསྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ནང་དུ་བྲིས་གཟུགས་དང་མཛེས་རྩལ་པར་རིས་འགྲེམ་སྟ

 

ཟླ10པའི་ཚེས19ཉིན་གྱི་ཕྱི་དྲོར་ཆབ་མདོ་ལ་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བདུན་པའི་བྲིས་གཟུགས་དང་མཛེས་རྩལ་པར་རིས་འགྲེམ་སྟོན་བྱས།རང་ཁུལ་གྱི་ཁུལ་ཨུའི་རྒྱུན་ཨུ།དྲིལ་སྒྲོག་པུའུ་ཀྲང་པི་ཧྲི་ཞང་དང་ཁུལ་དམངས་ཆེན་ཀྲུའུ་རེན་གཞོན་པ་ཧུའུ་ཏེ་མིང་།ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཧྥན་ཝུན་ཧྭ་བཅས་འགྲེམ་སྟོན་བྱ་འགུལ་ནང་ཞུགས།

བྱེད་སྒོ་འདིའི་དམིགས་ཡུལ་ནི་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་ས་ཁུལ་བཞིའི་རིག་གནས་སྒྱུ་རྩལ་སྤེལ་རེས་བྱེད་པར་སྐུལ་འདེད།ཁམས་པའི་རིག་གནས་སྒྱུ་རྩལ་གསར་གཏོད་བྱེད་པའི་གསོན་ཤུགས་སྐུལ་སྤེལ་གྱི་ཆེད་དུ་རེད།

འགྲེམ་སྟོན་ནང་ཞུགས་པའི་བརྩམས་ཆོས་རྣམས་ནི་དོན་དངོས་དང་མཛེས་པ་ཉག་གཅིག་ཏུ་བཟུང་བ་རྒྱུ་རྐྱེན་གཙོ་བོ་བྱས་ཏེ་ཁམས་ཁུལ་གྱི་མི་ཆོས་དང་རང་བྱུང་ཡུལ་ལྗོངས་བཅས་བརྗོད་བྱར་བཟུང་བ་དང་།ཁམས་རྒྱུད་ཀྱི་མི་དང་རང་བྱུང་ཁམས།མི་དང་སྤྱི་ཚོགས་བར་ཞི་མཐུན་ལྡན་པའི་མཛེས་སྡུག་མངོན་གསལ་དུ་མཚོན་ཐུབ་པར་བྱས་ཡོད།གྲིབ་གཟུགས་ཀྱི་འགྱུར་ལྡོག་དང་ངོ་མཚར་གྱི་མཚོན་མདངས།རྩོམ་རྩལ་རྩེར་སོན་གྱི་བརྩམས་ཆོས་འདི་དག་གིས་ལྟ་སྐོར་བྱེད་མཁན་རྣམས་ལ་འཛད་མཐའ་མེད་པའི་མཛེས་སྣང་གི་བག་ཆགས་བཞག་པ་མ་ཟད་ཕྱིར་དྲིན་བཟང་པོ་ཞིག་ཀྱང་བཞག་ཐུབ་པ་རེད།

 

  • ལེ་ཚན་སྔོན་མ།:སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ཆབ་མདོ་ལ་སྤེལ།
  • ལེ་ཚན་རྗེས་མ།:སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་ཡུལ་སྐོར་གླེང་སྟེགས།
  • དོ་སྣང་ཆེ་བའི་རྩོམ།