སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ཆབ་མདོ་ལ་སྤེལ།

གངས་དབང་།        2013-10-19

སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ཆབ་མདོ་ལ་སྤེལ།
མཛད་སྒོའི་ཡུལ་དངོས།
ཟླ10པའི་ཚེས19ཉིན་ལ་སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པའི་མཛད་སྒོ་ཆབ་མདོ་ལ་སྤེལ་བ་རེད།བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་དང་།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ།ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཅས་ནས་ཡོང་བའི་དབུ་ཁྲིད་དང་ཆེད་མཁས་པ།འཁྲབ་སྟོན་པ།གསར་འགོད་པ་རྣམས་མཉམ་དུ་འཛོམས་ནས་འགོ་ཚུགས་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས།
ཉིན་ལྔ་ཡི་རིང་གི་སྐབས་འདིའི་སྒྱུ་རྩལ་དུས་ཆེན་དུ་གཙོ་ཆེར་རིག་རྩལ་འཁྲབ་སྟོན་དང་།འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན།རིག་གནས་ཡུལ་སྐོར་གླེང་སྟེགས།ཡིག་གཟུགས།མཛེས་རྩལ།པར་ལེན་བཅས་ཀྱི་འགྲེམ་སྟོན།དེ་མིན་ཚོང་ཟོག་ཉོ་ཚོང་ངོ་འཕྲོད་གྲོས་མོལ་དང་།དམངས་ཁྲོད་ལུས་རྩལ་འགྲན་བསྡུར།གྱོན་གོས་འཁྲབ་སྟོན།སྐོར་བྲོ་སོགས་འདུས་པ་རེད།
ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱིས་གཙོ་ཆེར་ས་ཁོངས་ཀྱི་དཔལ་འབྱོར་རིག་གནས་སྤེལ་རེས་མཉམ་འབྲེལ་བྱེད་ཅིང་ས་ཁུལ་བཞིའི་དཔལ་འབྱོར་ཐོད་རྒལ་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་གཏན་འཇགས་ཀྱི་གྲུབ་འབྲས་དང་རྣམ་པ་གསར་པ་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་པར་དགེ་མཚན་རབ་ཏུ་སྐྲུན།


 

  • ལེ་ཚན་སྔོན་མ།:སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ཚེས༡༥ཉིན་ཆབ་མདོར་སྤེལ།
  • ལེ་ཚན་རྗེས་མ།:སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ནང་དུ་བྲིས་གཟུགས་དང་མཛེས་རྩལ་པར་རིས་འགྲེམ་སྟ
  • དོ་སྣང་ཆེ་བའི་རྩོམ།