2013-10-15
སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དེ་སྤྱི་ཟླ༡༠པའི་ཚེས༡༥ཉིན་ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་དུ་ཟབ་རྒྱས་ངང་སྤེལ་བ་དང་། སྐབས་དེར་ཟི་ཁྲོན་དང་མཚོ་སྔོན། ཡུལ་ནན་བཅས་བོད་རིགས་ཁུལ་ནས་ཡོང་བའི་འཁྲབ་སྟོན་པ་དང་འཐུས་མི་རྣམས་ཚོགས་པ་འགོས་ནས་བྱེད་སྒོར་ཞུགས་སྟེ་ལྷན་དུ་ཡུལ་སྐོར་བར་ཁམས་པའི་རིག་གནས་ཀྱི་སྟོན་མོ་ཞིག་བཤམས་ཡོད་པ་རེད། བྱེད་སྒོ་དེ་ཚེས་༡༩བར་རྒྱུན་མཐུད་ནས་སྤེལ་རྒྱུ་ཡིན་པ་རེད།
བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ཀྱི་ཧྲུའུ་ཅི་གཞོན་པ་ཡའོ་ཧུང་གིས་ངོ་སྤྲོད་གནང་བར། ད་ཐེངས་ཀྱི་སྒྱུ་རྩལ་དུས་ཆེན་དེར༼སྒེག་ཉམས་ལྡན་པའི་ཁམས་པ་ཆབ་མདོར་འཛོམས་པ༽ཞེས་པས་བརྫོད་བྱ་གཙོ་བོ་བྱས་པ་དང་། གཙོ་དོན་ནང་རིག་རྩལ་འཁྲབ་སྟོན་དང་འཕེལ་རྒྱས་ཕྱིན་པའི་འགྲུབ་འབྲས་འགྲེམ་སྟོན། རིག་གནས་ཡུལ་སྐོར་གླེང་སྟེགས། ཡིག་རིགས་དང་རི་མོའི་བརྙན་ཕབ་འགྲེམ་སྟོན། ཚོང་ཟོག་འགྲེམ་ཚོང་གི་ངོ་འཕྲད་གྲོས་མོལ། དམངས་ཁྲོད་ཀྱི་ལུས་རྩལ་འགྲན་བསྡུར། གྱོན་གོས་འགྲེམ་སྟོན། མེ་ཕུང་དགོང་ཚོགས་སོགས་རྣམ་གྲངས་ཆེ་བ༦དང་ཆུང་བ༡༣ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10